| | e-texts navigator
|
38b1 འགྱུར་ཏེ།། ལོག་པའི་སྲིད་པས་སྲིད་པར་འཆིང་།། འབྲུལ་པས་འཚར་མོས་འཁོར་བར་བདང་།། དེ་བས་དངོས་ཐབ་འདོད་པས་ང་།། ཝས་བུ་ཡི་བདུ་སངས་ཏེ།། ཐ་མ་དཔ་པརག་ཏུ་བམེད། །
38b2 ཆེས་རིག་དང་ངེས་ཤེས་སྟེ།། ལུང་གི་ཚང་མ་ཡིན་པ་དང་། འོག་མ་སྤོང་ཞིང་གོང་མཐོབ།། མན་ངག་ཚད་མ་ཡིན་པར་ཐང་།། མོས་པའི་རྗེས་སུ་འབྲང་བྱེད་ཅིང་།། ཆེ་བའི་ང་རྒྱལ་ལ་གནས་ཤིང་།། འ
38b3 རྟེན་ལྷ་སྤྱོད་འདྲེན་པ་ཡི།། སྣོད་བཟུང་བླང་བར་མི་བྱའོ།། དེ་ནས་གཙོ་འཁོར་བྱེ་བྲག་ཀྱང་།། གནས་ཀྱི་ཁྱད་པར་དབུས་སུ་སྟེ།། རྒྱན་གྱི་ཁྱད་པར་ཐལ་བ་སྟེ།། རིགས་ཀྱི་ཁྱད་པར་དྲུག་པའི་རིགས།
38b4 ཕྱག་དང་ཞལ་སོགས་ཁྱད་པར་གྱིས།། གཙོ་འཁོར་ལ་སོགས་ཁྱད་པར་འཕགས།། དཔེར་ན་ཕ་རོལ་ཕྱིན་དྲུག་ལས།། ཤེས་རབ་ཕ་རོལ་ཕྱིན་མེད་ན།། ཕ་རོལ་ཕྱིན་པའི་མིང་མི་འཐོབ།། དཀྱིལ་འཁོར།
38b5 དབུས་སུ་གང་གནས་པའི།། དེ་ཉིད་ཀྱིས་ནི་དཀྱིལ་འཁོར་ཏེ།། གང་ཞིག་དབུས་སུ་མི་གནས་ན།། འཁོར་རྣམས་དཀྱིལ་དུ་མི་འགྱུར་ཏེ།། དཔེར་ན་རྒྱལ་པོ་མེད་པའི་གྲོང་།། གྲོང་དང་གྲོང་ཁྱེར་ཇི་བཞིན
38b6 ནོ།། དེ་བཞིན་དམ་ཚིག་བྱེ་བྲག་ཀྱང་།། རྩ་བའི་དམ་ཚིག་ཉམས་གྱུར་ན།། ཡན་ལག་དམ་ཚིག་དེ་དང་འདྲ།། ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན།། སྐུ་གསུང་དམ་ཚིག་དེ་དང་འདྲ།། སྲོག་གཅོད་དམ
38b7 ཚིག་ཉམས་གྱུར་ན།། བརྫུན་དང་མ་བྱིན་ལེན་པ་དང་།། འདོད་ཆགས་དམ་ཚིག་དེ་དང་འདྲ།། ལྟ་བའི་དམ་ཚིག་ཉམས་གྱུར་ན།། སྤྱོད་པའི་དམ་ཚིག་དེ་དང་འདྲ།། ཚུལ་འཆོས་མི་ཤེས་སོང་བ་ཙམ།།
iiif viewer powered by OpenSeadragon
38a - 39a