e-texts navigator
Collection
Volume
Page
Wylie

38a1 དབང་ནི་ངེས་པ་ཁོ་ན་ཏེ།། ལུས་ངག་ཀུན་ནས་བསླངས་པས་སོ།། དེ་ཕྱིར་སེམས་ཀྱི་རིམ་ནི།། འཁྲུད་དང་འཐོར་དང་སྲེག་པ་དང་།། མཁྱེན་པའི་རྟེན་དང་གོ་འབྱེད་པས།། ས་ར་།
38a2 ཆུ་དང་མེ་དང་རླུང་།། ནམ་མཁའ་ལྟ་བུར་གསུངས་པ་སྟེ།། དང་པོ་གཉིས་པ་གསུམ་པ་དག། རིམ་གྱིས་མ་བགྲོད་དབང་མི་ཐོབ།། བསྐྱེད་པའི་རིམ་པ་ལ་གནས་ཤིང་།། རྫོགས་པའི་རིམ་པ་འདོད་རྣམ་ལ།།
38a3 ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས།། སྐས་ཀྱི་རིམ་པ་ལྟ་བུར་གསུངས།། གང་ཟག་མཆོག་དང་ལས་དང་པོ།། མངོན་པར་རྟོགས་པའི་རིམ་པ་དང་།། མངོན་པར་རྟོགས་པའི་ཡན་ལག་གོ།། འདི།།
38a4 ཡིས་ངན་འགྲོའི་སྲིད་ལས་གྲོལ།། དབང་དང་མན་ངག་འབྲེལ་བས་སོ།། དེ་ནས་བཞི་པ་ཞལ་གྱི་དབང་།། སྔོན་དུ་འགྲོ་དང་མི་འགྲོ་མེད།། འདི་ནི་དབང་གི་རྒྱལ་པོ་སྟེ།། སློབ་དཔོན་སེམས་ཀྱི་རྒྱལ་པོ་སྟེ།།
38a5 འདི་ནི་རང་རིག་བཞི་པའི་དབང་།། འདི་ཡིས་ཐམས་ཅད་གྲོལ་བར་འགྱུར།། འདི་ལ་རྟག་ཏུ་ཕྱག་སོགས་བྱ།། རྡོ་ཤིང་འགྲམ་འབག་ལ་སོགས་ལ།། གཟུགས་བརྙན་ཡོངས་སུ་རྫོགས་པ་ཡི།། རས་དང་།།
38a6 ཚེན་ལ་སོགས་པ་ཡི།། གཟུགས་བརྙན་ཡོངས་སུ་རྫོགས་པ་ལ།། བྱིན་བརླབ་ཡེ་ཤེས་བྱས་ནས་ནི།། ལྷ་ཡིན་ཟེར་ནས་མཆོད་སོགས་ཏེ།། བཅོས་མའི་ལྷ་སོགས་དེ་ལྟར་ན།། ཕུང་སོགས་ཡེ་ནས།
38a7 སངས་རྒྱས་ལ།། ཅི་ཡི་ཕྱིར་ན་མཆོད་མི་བྱེད།། དེ་ནས་གཞན་ཡང་དབྱེ་བ་དག། འཁྲུལ་པ་ཡི་ནི་འཁྲུལ་གཞི་དག། བཅོས་པ་ཉེ་བར་བཅོས་མ་དང་།། འདྲ་བ་དང་ནི་ལྟ་བུའོ།། དབང་བཞིས་གྲོལ་བར་མི




iiif viewer powered by OpenSeadragon

37b - 38b

Texts on this page

Ty058-015 - dpal mkha' 'gro ma gsang ba 'bar ba'i rgyud kyi rgyal po