| | e-texts navigator
|
506b1 ལ་སོགས་པ་དེ་བཞིན་བསྲུང་། དཀྱིལ་འཁོར་དུ་ཞུགས་རྣལ་འབྱོར་པ།། རྡོ་རྗེ་འཛིན་པ་བཞིན་དུ་མཆོད།། བརྙས་ཤིང་གཤེ་བ་ལ་སོགས་སྤྱང་།། སེམས་ཅན་པོ་དང་མོ་ཀུན་ལ།། དཔའ་བྱོ་པའ་མོ་མ་ཚིག།
506b2 བསྲུང་།། བཀའ་བ་ལ་སོགས་དུས་སུ་ཡང་།། བདུད་ནི་སྦྱོར་བས་དམ་ཚིག་བསྲུང་།། ཤཱལྔ་བདུད་རྩི་ལྔ་རྣམས་ལ།། རང་གི་སྦྱོང་དང་གཞན་སྤྱོད་ལ།། རྗེས་སུ་ཡི་རང་དམ་ཚིག་ཡིན།། མདོར་ན་སྣང་ཞིང་སྲིད་པ
506b3 རྫས་འདམ་ཚིག་བསྲུང་ཞིང་མཆོད་པའི་ཕྱིར།། ལུས་ཀྱི་ཉོས་སྡོམ་སྐུ་ཡིན་ཏོ།། ངག་གཉིས་སྡོམ་གསུང་དུ་གསུངས།། ཡོད་ཀྱི་ཉེས་སྡོམ་ཐུགས་སུ་གསུངས།། ཨོཾ་གྱི་འོད་ཟེར་དཀར་པོ་ཡིས།། འདོད་ལམ
506b4 དག་པར་གྱུར་པ་ནི།། སྐུ་ཡི་དམ་ཚིག་བསྲུང་བའོ།། དེ་ལ་མཆོད་དང་བསྟོད་སོགས་བྱ།། བསྡུ་བའང་ཨོཾ་དུ་ཤེས་པར་བྱ།། ཨཱཿམི་ཁ་དོག་དམར་པོ་ཡིས།། གཟུགས་ཁམས་དག་པའི་གསུང་དམ་ཚིག། དྷྲྀ་གི་ལ་རྡོ།
506b5 ནག་པོ་ཡིས།། གཟུགས་མེད་དག་པ་དམ་ཚིག་གོ། ཨོཾ་ནི་སྤྱི་བོར་ཡང་དག་གནས།། ཨཱཿནི་དེ་བཞིན་མགྲིན་པར་གནས།། ཧཱུཾ་ནི་སྙིང་ཀར་སྤྲོ་དང་བསྡུ།། སྐུ་ཡི་མཁའ་འགྲོ་བཅུ་གཉིས་སུ།། འདོད་ཁམས་དམ་པའི
506b6 དམ་ཚིག་གོ།། གསུང་གི་མཁའ་འགྲོ་བཅུ་གཉིས་སུ།། གཟུགས་ཁམས་དག་པའི་དམ་ཚིག་ཡིན།། ཐུགས་ཀྱི་མཁའ་འགྲོ་བཅུ་གཉིས་སུ།། གཟུགས་མེད་དག་པའི་དམ་ཚིག་སྟེ།། ཨོཾ་དང་ཨཱཿདང་ཧཱུཾ་ལ་བསྡུ།
506b7 ཨོཾ་ནི་རྒྱུ་ཡི་སྐུ་བཅུ་གཉིས།། ཨཱཿནི་ལམ་གྱི་སྐུ་བཅུ་གཉིས།། ཧཱུཾ་ནི་འབྲས་བུའི་སྐུ་བཅུ་གཉིས།། བདེ་བ་ཆེན་པོའི་སྐུ་གསུང་ཐུགས།། ཡེ་ཤེས་གཅིག་སྦྱོར་སྡོམ་པའོ།། དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས།།
iiif viewer powered by OpenSeadragon
506a - 507a