e-texts navigator
Collection
Volume
Page
Wylie

491b1 སྤོབས་དང་ལྡན་པའོ།། ཤེས་རབ་ཡེ་ཤེས་བདྲུད་བཞི་ཡང་།། རྩཝ་དང་ཤུ་ཀཱ་ལ་སོགས་པའི།། དམན་པའི་ལམ་སྟོན་ལྷ་ཡི་བདུད།། དེ་ཉིད་དུ་མ་ཕུང་པོའི་བདུད།། དེ་སྐོམ་རང་བཞིན་ཉོན་མོངས
491b2 པས།། ཉོན་མོངས་པ་ཡི་བདུད་ཡིན་པས།། ཁ་དོག་དབྱིངས་ནི་སྐྱེས་པས་འཇིག། དེ་ཉིད་འཆི་བདག་བདུད་ཡིན་ནོ།། གཞན་ཡང་བདུད་ཀྱི་བྱེ་བྲག་ཀྱང་།། འདོད་ཆགས་ཆེན་པོའི་ལམ་སྟོན་པའི།
491b3 བླ་མ་ལྷ་ཡི་བུ་ཡི་བདུད།། དགའ་བ་བཞི་ནི་དུ་མ་སྟེ།། རྒྱུད་ལ་སྤངས་པས་ཕུང་པོའི་བདུད།། རང་སེམས་ཉོན་མོངས་པ་ཡི་བདུད།། འཁོར་བར་ལྟུང་བས་སྐྱེ་བ་སྟེ།། སྐྱེ་བ་ལས་བྱུང་འཆི་བདག།
491b4 བདུད།། རྣམ་པར་རྟོག་པ་སྐྱེས་པས་སོ།། འདོད་ཆགས་ཀྱིས་ནི་འཆི་བདག་བདུད།། མ་སྤངས་སུམ་ཅུ་དྲུག་ཉིད་དང་།། དེས་པ་སུམ་ཅུ་རྩ་དྲུག་གིས།། ལམ་བརྟེན་བླ་མས་ལྷ་བདུད་བཅོམ།།
491b5 དགའ་བཞི་སྒྱུ་མ་རང་བཞིན་མེད།། བདེ་ཆེན་རོར་གྱུར་ཕུང་པོ་བཅོམ།། འབྲས་བུ་རང་རིག་ཡེ་ཤེས་སྦྱིན།། རང་སེམས་ཉོན་མོངས་སྡུག་བསྔལ་བྲལ།། ཉོན་མོངས་པ་ཡི་བདུད་བཅོམ་མོ།། དེ།
491b6 ཡིས་འཆི་བ་དང་བྲལ་བས།། དེ་ཉིད་འཆི་བདག་བདུད་བཅོམ་མོ།། འོག་གི་ལམ་གྱི་བདུད་བཞི་ཡི།། དམན་པའི་སྟོབས་ཀྱིས་ཟིན་པ་སྟེ།། རྒྱལ་པོ་དམངས་སུ་ཕབ་པ་བཞིན།། དེ་ཉིད་ལམ་གྱི
491b7 བདུད་ཀྱིས་ཟིན།། རྒྱལ་པོ་རྒྱལ་ས་ཤོར་བ་བཞིན།། བཞི་པ་དང་འབྲེལ་བདུང་བཞི་ནོ།། གསུམ་པའི་སྣོད་དང་ལྡན་པ་ལ།། བཞི་པའི་ལམ་སྟོན་བླ་མ་ནི།། ལྷ་ཡི་བུ་ཡི་བདུད་ཡིན་ཏེ།། བདུད




iiif viewer powered by OpenSeadragon

491a - 492a

Texts on this page

Ty057-013 - dpal nam mkha' chen po'i rgyud kyi rgyal po