| | e-texts navigator
|
99b1 ཆ་རླུང་དང་། ཆ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཅ་ཁྲི་ལྔ་སྤོང་གིས་ཡང་ཏཱ་མ་ལིབ་ཏའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་དུག་ཅན་པའི་ཞྭ་ཞེས་བྱ་བ
99b2 བྱུང་སྟེ། རྒྱལ་པོ་དུག་ཅན་པའི་ལྷའི་བུ་ཆ་རྒྱུད་དང་། ཆ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཁྲི་བརྒྱད་སྟོང་གིས་གྲོང་ཁྱེར་སོང་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ
99b3 པོ་བློ་བཟང་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བློ་བཟང་གི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ཚིག་སྟོང་གིས་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།།
99b4 དེ་དག་གི་འོག་ཏུ་རྒྱལ་པོ་མུ་སེལ་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་མུ་སེལ་གྱི་བུ་ཆ་རྒྱུད་དང་། ཆ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་གྲོང་ཁྱེར་ཝ་ར་ཎྜ་སིར་རྒྱལ་སྲིད་ཀྱི་དབང་ཕྱུ་ག་ལ་དབང་བྱས
99b5 སོ།། དེ་དག་གི་འོག་ཏུ་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དབང་ཆེན་སྡེའི་བུ་ཆ་རྒྱུད་དང་། ཆ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བ་ནི་སྟོང་གིས་གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད
99b6 ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་རྒྱ་མཚོ་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྒྱ་མཚོའི་ལྷའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་གྲོང་ཁྱེར
99b7 གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་དཀའ་ཐུབ་སྤྱོད་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་དཀའ་ཐུབ་སྤྱོད་ཀྱི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ
iiif viewer powered by OpenSeadragon
99a - 100a