e-texts navigator
Collection
Volume
Page
Wylie

98b1 དང་། རབ་འདུལ་དང་། རབ་ཏུ་སྒྲ་གྲགས་དང་། རབ་གདུང་དང་། འོད་བྱེད་དང་། ལྷུན་པོ་དང་། རི་རབ་དང་། ལྷུན་པོ་ལྡན་དང་། སེ་ལྕེ་དང་། མེ་འབྲེང་དང་། མེ་ལྡེ་ལྡན་དང་། སེ་ལྡེ་ལྡན་གྱི་བུ།
98b2 ཆ་རྒྱུ་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་འབུམ་གྱིས་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་སྟེ། དགྲ་འདུལ་བ
98b3 ཁྱིར་ན་དགྲ་འདུལ་ཞེས་བྱའོ།། རྒྱལ་པོ་དགྲ་འདུལ་གྱི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ལྔ་ཁྲི་བཞི་སྟོང་གིས་གྲོང་ཁྱེར་འཐབ་མེད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།།
98b4 དེ་དག་གི་འོག་ཏུ་རྒྱལ་པོ་མ་ཕེབས་འབེབས་ཞེས་བྱ་བ་བྱུང་ངོ་།། རྒྱལ་པོ་མ་ཕེབས་འབེབས་ཀྱི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་དྲུག་ཁྲི་སུམ་སྟོང་གིསེ་ཝ་ར་ཎ་སིའི་གྲོང
98b5 ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་བཟོད་པར་དཀའ་བ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བཟོད་པར་དཀའ་བའི་བུ་ཆ་རྒྱུད་དང་། ཆུ་བོ་དང་། ཡང་ཆའི་རྒྱུན
98b6 ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་གྲོང་ཁྱེར་འདར་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ཚངས་པས་བྱིན་གྱི་བུམ།
98b7 རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་གླང་ཆེན་གནས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་གླང་པོས་བྱིན་ཞེས་བྱ་བ་བྱུང




iiif viewer powered by OpenSeadragon

98a - 99a

Texts on this page

Ty055-001 - 'jig rten gzhag pa