| | e-texts navigator
|
97a1 #དང་ལྡན་པ་ཞིག་བྱུང་སྟེ། རྐང་པའི་མཐིལ་གྱི་འོག་ནས་སྐྱེས་སོ་ཞེས་ནས། མིང་མཛེས་ལྡན་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ།
97a2 སྟེ་དེས་ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་ཕྱིན་ཆད་འཁོར་ལོ་སྒྱུར་བའི་རྒྱལ་པོ་རྣམས་ནི་གླིང་གཅིག་ལ་དབང་བ་ཤ་སྟགཡོན་པར་རིག་པར་བྱའོ།། མཛེས་ལྡན་གྱི་བུ་ནི
97a3 བཏང་པའོ།། བཏུང་པའི་བུ་ནི་བཏང་བཟང་ངོ་།། བཏང་བཟུང་གི་བུ་ནི་ཤ་ཀུ་ནིའོ།། ཤ་ཀུ་ནེའི་བུ་ནི་ཤ་ཀུ་ནི་ཆེན་པོའོ།། ཤ་ཀུ་ནི་ཆེན་པོའི་བུ་ནི་ཀུ་ཤིའོ།། ཀུ་ཤིའི་བུ་ནི་ཉེ་བའི་ཀུ་ཤིའོ།། ཉེ་བའོ།
97a4 ཀུ་ཤིའི་བུ་ནི་ཀུ་ཤི་ཆེན་པོའོ།། ཀུ་ཤི་ཆེན་པོའི་བུ་ནི་ལེགས་མཐོང་ངོ་།། ལེགས་མཐོང་གི་བུ་ནི་ལེགས་མཐོང་ཆེན་པོའོ།། ལེགས་མཐོང་ཆེན་པོའི་བུ་ནི་གནོད་སེལ་ལོ།། གནོད་སེལ་གྱི་བུ་ནི
97a5 ཤེལ་ལྡན་ནོ།། ཤེལ་ལྡན་གྱི་བུ་ནི་སྐལ་ལྡན་ནོ།། སྐལ་ལྡན་གྱི་བུ་ནི་ངན་སྤོང་ངོ་།། ངན་སྤོང་གི་བུ་ནི་ལྷུན་པོའོ།། ལྷུན་པོའི་བུ་ནི་ངེས་འགྲོའོ།། ངེས་འགྲོའི་བུ་ནི་རབ་ཏུ་གྲགས་པའོ།། རབ་ཏུ་གྲས
97a6 པའི་བུ་ནི་རབ་ཏུ་སྒྲ་གྲགས་ཆེན་པོའོ།། རབ་ཏུ་སྒྲ་གྲགས་ཆེན་པོའི་བུ་ནི་བདེ་བྱེད་དོ།། བདེ་བྱེད་ཀྱི་བུ་ནི་ཕྱོགས་བདག་གོ། ཕྱོགས་བདག་གི་བུ་ནི་རྡུལ་བཟང་ངོ་།། རྡུལ་བཟང་གི་བུ་ནི་རྒྱས་བྱེད་དོ།། རྒྱས།
97a7 བྱེད་ཀྱི་བུ་ནི་ལྷ་ཆེན་པོའོ།། ལྷ་ཆེན་པོའི་བུ་ཆ་རྒུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་འདྲེས་པའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག
iiif viewer powered by OpenSeadragon
96b - 97b