e-texts navigator
Collection
Volume
Page
Wylie

96b1 དེ་ལ་རུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨིན་ཅིང་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ
96b2 རྐང་པ་གཡོན་པ་ནས་སྐྱེས་སོ།། རྐང་པ་གཡོན་པ་ནས་སྐྱེས་སོ་ཞེས་ནས། མིང་ཉེ་མཛེས་ཆེ་མཛེས་ཞེས་བྱ་བར་གྱུར་ཏེ།། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གཅིས
96b3 སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། རྒྱལ་པོ་ཆེ་མཛེས་ཀྱི་རྐང་པའི་བོ་ལ་ལས་བོལ་མིག་གཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ན། དཔེར་ན་ཤིང་བལ་གྱི་ལ་བ་འ
96b4 རས་བལ་གྱི་ལ་བ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨིན་ཏེ་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མེངན་སུམ་ཅུ་རྩ་གཉིས
96b5 དང་ལྡན་པ་ཞིག་བྱུང་སྟེ། དེ་རྐང་པའི་བོལ་གྱི་སྟེང་ནས་བྱུང་བའི་ཕྱིར། མིང་མཛེས་ཅན་མཛེས་ཅན་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང
96b6 གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། རྒྱལ་པོ་མཛེས་ལྡན་གྱི་རྐང་པའི་མཐིལ་གྱི་འོག་ནས་པོ་ལ་མིག་གཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ
96b7 ལ་བ་འམ་ཀ་རས་བལ་གྱི་ལ་བ་བཞིན་ཏེ། ཅུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨིན་ཏེ་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་སུམ་ཅུ་རྩ་གཉིས




iiif viewer powered by OpenSeadragon

96a - 97a

Texts on this page

Ty055-001 - 'jig rten gzhag pa