e-texts navigator
Collection
Volume
Page
Wylie

90b1 ཀ་དམ་འབུ་ཏ་ཀའི་མེ་ཏོག་བཞིན་ནོ།། རོན་དཔེར་ན་སྦྲང་མའི་སྦྲང་རྩིས་རྒོལ་བ་བཞིན་ཏེ། དེ་དག་བཟའ་བ་དེ་དང་། ཁ་ཟས་དེ་བ་ལ་ཚེ་ཡང་རིང་ཞིང་སྲན་རིང་དུ་གནས་སོ།། དེ་དག་གི་ནང་མ་བཟས།
90b2 ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ།། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་དེ་ཁ་དོག་བཟང་བར་འགྱུར་རོ།། དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་ཡོད་པར་འགྱུར་རོ།།
90b3 ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་དྲན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏོ།། ཁ་དོག་གི་མངོན་པའི།
90b4 ང་རྒྱལ་ཅན་དེ་དག་གིས་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་ལྡུམ་བུའི་ཚལ་ཡང་ནུབ་པར་གྱུར་ཏེ། ལྡུམ་བུའི་ཚལ་ནུབ་པར་གྱུར་ནས། དེ་ནས་སེམས་ཅན་དེ་དག་འདུས
90b5 ཤིང་ཚོགས་ཏེ། མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ། པར་སོང་བར་སོང་ཞེས་འཛེར་ཏེ། དཔེར་ནད་ལྟར་གྱི་མོ་རྣམས་ལས་ལ་ལ་ཞིག་ཚིག་དྲག་པོའི་རྐྱེ་གག་གིས་སྤྱོ་བར
90b6 འདོད་པ་ན། སྔོན་གྱི་ཡི་གེ་དང་། ཚིག་དང་། མཽང་དེ་དག་རྗེས་སུ་ཟློས་ཏེ། འདི་སྐད་དུ། པར་སོང་བར་སོང་ཞེས་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད
90b7 མིཆིད་ལ་སྡེ་སྔགས་འདོན་ཏེ། བར་སོང་བར་སོང་ཞེས་འཛེར་ཏེ། འོན་ཀྱང་སྨྲས་པ། འདིའི་དོན་ནི་འང་ཡོན་ནོ།། སྨྲས་པ། འདིའི་དོན་ནི་འདི་ཡོན་ནོ་ཞེས་སྨྲས་པ། དེའི་དིམ་ཡང་མི་ཤེས་སོ།།




iiif viewer powered by OpenSeadragon

90a - 91a

Texts on this page

Ty055-001 - 'jig rten gzhag pa