e-texts navigator
Collection
Volume
Page
Wylie

8b1 པར་བྱེད་དེ། དྲོད་གཤེར་ལས་སྐྱེ་བ་བ་སྲིན། རྫུས་ཏེ་སྐྱེ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ་དེ་ལེན་ན་དེ་ཉིད་ཐལ་བ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར་རོ།། ནམ་མཁུའ།
8b2 ལྡིང་དྲོད་གཤེར་ལས་སྐྱེ་བ་ནི་བཟའ་བའི་ཕྱིར། ཀླུ་སྒོ་ང་ལས་སྐྱེ་བ་དང་། མངལ་རས་སྐྱེ་བ་དག་འབྱིན་པར་བྱེད་དེ། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་མ་ཡིན་ནོ།། དེ་ཅིའི
8b3 ཕྱིར་ཞེ་ན། ཅི་སྟེ་དེ་ལེན་ན་དེ་ཉིད་ཐལ་བ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར་རོ།། ནམ་མཁའ་ལྡིང་རྫུས་ཏེ་སྐྱེ་བ་ནི་བཟའ་བའི་ཕྱིར། ཀླུ་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་།།
8b4 དྲོད་གུ་ཤར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་འབྱིན་པར་བྱེད་དོ།། ཀཱུ་ལ་ཀུ་ཆེན་པོ་བསྐལ་པར་གནས་ཤིང་ས་འཛིན་པ་དག་ཡོད་དེ།། དེ་དག་ཀྱང་གྲང་ཞེ་ན། འདི་ལྟ་སྟེ། ཀླུའི
8b5 རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་དང་། ཀླུའི་རྒྱལ་པོ་རྟག་རྒལ་དང་། ཀླུའི་རྒྱལ་པོ་བཏང་བཟུང་དང་། ཀླུའི་རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་དང
8b6 ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་ཆེན་པོ་རྗེ་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་རྣམས་ཏྲ~ཾ། འདི་དྲག་དང་གཞན་ཡང་ཀླུ་ཆེན་པོ་བསྐལ་པར་གནས་ཤིང་ས་འཛིན་པ་ནམ་མཛའ་ལྡིང
8b7 དགེ་ནས་དབྱུང་བར་མི་ནུས་པ་གང་ཡིན་པ་དེ་དག་རེ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་ཅིངས་སེར་མྱོང་བར་བྱེད་དེ། ཤེས་ཤིང་རབ་ཏུ་ཤེས་ལ་ཀུན་ཏུ་རབ་ཏུ་ཤེས་སོ།།




iiif viewer powered by OpenSeadragon

8a - 9a

Texts on this page

Ty055-001 - 'jig rten gzhag pa