e-texts navigator
Collection
Volume
Page
Wylie

89b1 ཡོད་པར་འགྱུར་རོ།། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པསཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བ.རས་པར་གྱུར་ཏོ།
89b2 ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་དག་གིས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་སའི་བཅུང་ནུབ་པར་གྱུར་ཏོ།། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན
89b3 བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ་ཀྱི་ཧུང་སའི་བདྲུད། ཀྱི་ཧུད་སའི་བཅུད་ཅེས་ཀྱང་འཛེར་ཏེ། དཔེར་ན་ད་ལྷུར་གྱི་མི་རྣམས་ཀྱིས་ཁ་ཟས་བཟང་པོ་དང་རབ་འགའ་ཞིག་རྙེད་ན། སྔོན
89b4 གྱི་ཡི་གེ་དང་། ཚིག་དང་། མིང་དེ་དག་རྗེས་སུ་ཟློས་པར་བྱེད་དེ། འདི་སྐད་དུ། ཀྱི་ཧུད་བྲོ་བ། ཀྱི་ཕུང་བྲོ་བ་ཞེས་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་ཡི
89b5 ཆད་ལ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ། ཀྱི་ཧུང་སའི་བཅུད། ཀྱི་ཧུད་སའི་བཅུད་ཅེས་འཛེར་ཏེ། འོན་ཀྱང་སྨྲས་པ། འདིའི་དོན་འདི་ཡིན་ནོ།། སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ་ཞེས་སྨྲས་པ།
89b6 དེའི་རི་ན་ཡང་མི་ཤེས་སོ།། སའི་བདྲུང་ནུབ་པར་གྱུར་ནས་སེམས་ཅན་དེ་དག་གིས་ཞག་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་ཟུང་བར་གྱུར་ཏེ།
89b7 ཁ་དོག་ནི་དཔེར་ན་དོང་ཀའི་མེ་ཏོག་བཞིན་ནོ།། རོ་ནི་དཔེར་ན་སྦྲང་མའི་སྦྲང་རྩི་མ་སྐོལ་བ་བཞིན་ཏེ། དེ་དག་བཟའ་བ་དེ་དང་། ཁ་ཟས་དེ་ཟ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ།། དེ་དག་གི་ནང




iiif viewer powered by OpenSeadragon

89a - 90a

Texts on this page

Ty055-001 - 'jig rten gzhag pa