e-texts navigator
Collection
Volume
Page
Wylie

88b1 བ་དང་། ནམ་མཁའ་ལ་འགྲོ་བ་དང་། ཚེ་རིང་ཞིང་ཡུན་རིང་པོར་གནས་སོ།། དེའི་ཚེ་ཉི་མ་དང་ཟླ་བ་འདི་ཉིད་འཇིག་རྟེན་དུ་མི་འབྱུང་ངོ་།། ཆུ་སྐར་རྣམས་ཀྱང་མི་འབྱུང་། དུས་ཚིགས་དང་གལོ་རྣམས་ཀྱང་མི།
88b2 འབྱུང་། ཟླ་བ་དང་། ཟླ་བ་ཕྱེད་རྣམས་ཀྱང་མི་འབྱུང་། མཚན་མོ་དང་། ཉིན་མོ་རྣམས་ཀྱང་མི་འབྱུང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་རྣམས་ཀྱང་མི་འབྱུང་། སྐྱེས་པ་དང་། བུད་མེད
88b3 ཀྱང་མེད་དེ། གཞན་དུ་ན་སེམས་ཅན་སེམས་ཅན་ཞེས་བྱ་བའི་མིང་འབའ་ཞིག་འབྱུང་ངོ་།། དེ་ནས་སེམས་ཅན་བརྐམ་པའི་རང་བཞིན་ཅན་གཞན་ཞིག་གིས་སའི་བཅུད་མཛུབ་མོའི་ཐོར་ཏོས
88b4 བླངས་ཏེ་མྱངས་སོ།། ཇི་ཙམ་དུ་མྱང་བར་བྱེད་པ་དེ་ཙམ་དུ་སྲེད་པར་གྱུར་ཏོ།། ཇི་ཙམ་དུ་སྲེད་པར་གྱུར་པ་དེ་ཙམ་དུ་ཁམ་གྱིས་ཟ་བར་བྱེད་དོ།། སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་དེའི་སའི་བཅུ
88b5 མཛུབ་མོའི་ཐོར་ཏོས་བླངས་ཏེ་མྱང་བར་བྱེད་པ་མཐོང་ངོ་།། མཐོང་ནས་སེམས་ཅན་དེ་དག་གིས་ཀྱང་སའི་བཅུང་མཛུབ་མོའི་ཐོར་ཏོས་བླངས་ཏེ་མྱང་བར་བྱེད་དོ།། ཇི་ཙམ་དུ་མྱང་བར་བྱེད་པ་དེ་ཙམ
88b6 དུ་སྲེད་པར་གྱུར་ཏོ།། ཇི་ཙམ་དུ་སྲེད་པར་གྱུར་པ་དེ་ཙམ་དུ་ཁམ་གྱིས་ཟ་བར་བྱེད་དོ།། སེམས་ཅན་དེ་དག་གིས་སའི་བརླུང་ཁམ་གྱིས་ཟོས་པ་དེས་ན། དེ་དག་གི་ལུས་ལ་མཁྲང་བ་དང་། ལྕི་བཞུགས
88b7 པར་གྱུར་ཏེ། འོད་དང་། ཁ་དོག་གི་མདོག་གང་ཡིན་པ་དེ་ནི་མེད་པར་གྱུར་ཏེ། འཇིག་རྟེན་དུ་མུན་པ་འབྱུང་བར་གྱུར། ཆོས་ཉིས་ཀྱིས་ན་འཇིག་རྟེན་དུ་མུན་པ་བྱུང་ན། ཉི་མ་དང་ཟླ་བ་འདི་གཉིས་འཇིག




iiif viewer powered by OpenSeadragon

88a - 89a

Texts on this page

Ty055-001 - 'jig rten gzhag pa