e-texts navigator
Collection
Volume
Page
Wylie

74a1 པའི་འདོད་པས་ཟིལ་གྱིས་མནན་པ་དང་། ལོག་པའི་ཆོས་དང་ལྡན་པ་ཡིན་གྱིས། བདག་ཅག་གིས་ཆོས་འདི་གསུམ་སྤུང་བར་བྱའོ་ཞེས་ནས། དེ་དག་ཆོས་དེ་གསུམ་སྤོང་ངོ་།།
74a2 ཚེ་ལོ་ཉི་ཁྲི་བའི་མི་རྣམས་ཆོས་གསུམ་པོ་འདི་དག་སྤོང་བ་འདི་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པར་གྱུར་ཏོ།། ཚེ་ལོ་བཞི་ཁྲོ་བའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང
74a3 དག་པར་བླངས་པའི་རྒྱུས་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དེ་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང
74a4 དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་མར་མི་འཛིན་པ། པར
74a5 མི་འཛིན་པ་དགེ་སྦྱོང་དུ་མོ་འཛིན་པ། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་མོ་བྱེད་པ་ཡིན་གྱིས། བདག་ཅག་གིས་མར་འཛིན་པ་དང་། བར་འཛིན་པ་དང་། དགེ་སློང་དུ
74a6 འཛིན་པ་དང་། བྲམ་རྡོར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་བྱའོ་ཞེས་ནས།། དེ་དག་མར་འཛིན་པ་དང་། པར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་ཀཽར་རི
74a7 ཀྱི་ནངན་རྒན་རབས་ལ་རི་མོར་བྱེད་དོ།། ཚེ་ལོ་བནི་ཁྲི་པའི་མི་མར་འཛིན་པ་དང་། པར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནངན་རྒན་རབས་ལར་མོར་བྱེད་པ




iiif viewer powered by OpenSeadragon

73b - 74b

Texts on this page

Ty055-001 - 'jig rten gzhag pa