| | e-texts navigator
|
72b1 ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུག་ཀྱེ་བདག་ཅག་ནི་ཕྲ་མ་ཅན་ཡིན་གྱིས། བདག་ཅག་གིས་ཕྲ་མ་སྤང་བར་བྱའོ་ཞེས་ནས་ཀ་དེ་དག་ཕྲ་མ་སྤོང་ངོ་།། ཆེ་ལོ་ཙས་བཅཝ་ལྔ།
72b2 བཅུ་པའི་མི་ཕྲ་མ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་ཏོ།། ཚེ་ལོ་ལྔ་བརྒྱ་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཆེ་ཡང་ནུར་པ།
72b3 ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་ཡང་དགེ་བའི་ཆོས་འགའ་ཞིག་ཡང་དག་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི
72b4 ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་ཚིག་རྩུབ་པོ་སྨྲ་བ་ཡིན་གྱིས། བདག་ཅག་གིས་ཚིག་རྩུབ་པོ་སྤང་བར་བྱའོ་ཞེས་ནས་། དེ་དག་ཚིག་རྩུབ་པོ
72b5 སྤོང་ངོ་།། ཚེ་ལོ་ལྔ་བརྒྱ་པའི་མ་ཆོག་རྩུབ་པོ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཆེ་ལོ་སྟོང་ཐུབ་པར་གྱུར་ཏོ།། ཚི་ལོ་སྟོང་ཐུབ་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས
72b6 པའི་ཕྱིར་ཚེ་ཡང་ནུར་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འབེལ་བར་སྣང་གིས། བདག་ཆག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན།
72b7 བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་ཚིག་འཁྱལ་པ་ཅན་ཡིན་གྱིས། བདག་ཅག་གིས་ཚིག་འཁྱལ་པ
iiif viewer powered by OpenSeadragon
72a - 73a