e-texts navigator
Collection
Volume
Page
Wylie

70a1 ཆས་གཤག་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་རྣམ་རྐུན་མགུལ་གདུབ་བས། གདུབུ་རྒྱན་ཅན་ནམ། རྣ་ཆ་ག་དུ་བཀོར་རྣམས་སམ། དཔུང་རྒྱན་རྣམས
70a2 སམ། ལག་པའི་རྒྱན་རྣམས་སམ། རྐང་པའི་རྒྱན་རྣམས་སམ། སོར་གདུབ་ཀྱི་རྒྱན་ནམ། གསེར་དངུལ་གྱི་འཕྲེང་བ་ཐོགས་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་མཚོན་ཆས་བརྒྱན་ཅིང་། མཚོ།
70a3 ཆས་བཞག་གོ།། ཆེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་མར་མི་འཛིན་པ་དང་། པར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དེ་དག་བཀུར་བ་དང་ཀགཅེས་སུ་བྱ་བ
70a4 དང་། རབ་ཏུ་བསྔགས་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ནང་ན་གང་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དེ་དག་བཀུར་ཞིང་གཅེས་པ
70a5 བྱ་བ་དང་། རབ་ཏུ་བསྔགས་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་མར་མི་འཛིན་པ་དང་། པར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དེ་དག་བཀུར།
70a6 ཞིང་གཅེས་སུ་བྱ་བ་དང་། རབ་ཏུ་བསྔགས་པར་འགྱུར་རོ།། ཆེ་ལོ་བཅུ་པོའི་མི་རྣམས་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་ཞེ་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར
70a7 གནས་པར་འགྱུར་བ་སྟེ། དཔེར་ན་ད་ལྟར་གྱི་མི་རྣམས་ལ་རི་དགས་ཀྱི་རྔོན་པས་དགོན་པའི་རོ་དགས་མཐོང་ནག་ཤས་ཆེར་ཞེ་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར




iiif viewer powered by OpenSeadragon

69b - 70b

Texts on this page

Ty055-001 - 'jig rten gzhag pa