| | e-texts navigator
|
6b1 བྱུང་བ་གང་ཡིན་པ་དེ་དག་གོ།། འདི་ནི་སེམས་ཅན་གྱི་གནས་གཉིས་པའོ།། སེམས་ཅན་གཟུགས་ཡོད་པ་ལུས་གཅིག་ལ་འདུ་ཤེས་པ་དད་པ་དག་ཡོད་དེ། འདི་ལ་སྟེ། འོད་གསས།
6b2 ཀྱཻ་ལྷ་རྣམས་སོ།། འདི་ནི་སེམས་ཅན་གྱི་གནས་གསུམ་པའོ།། སེམས་ཅན་གཟུགས་ཡོད་པ་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དགྲ་ཡོད་དེ། འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས
6b3 སོ།། འདི་ནི་སེམས་ཅན་གྱི་གནས་བཞི་པའོ།། སེམས་ཅན་གཟུགས་ཡོད་པ་འདུ་ཤེས་མེད་ཅིང་འདུ་ཤེས་དང་བྲལ་བ་དགྲ་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་པའི་ལྷ་རྣམས
6b4 སོ།། འདི་ནི་སེམས་ཅན་གྱི་གནས་ལྔ་པའོ།། འདི་ནི་སེམས་ཅན་གྱི་གཟུགས་མེད་པ་རྣམ་པ་ཐམས་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི
6b5 འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་བྱེད་པས། ནམ་མཁའ་མཐིའ་ཡོས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ
6b6 གནས་པ་དག་ཡོད་དེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡིས་སྐྱེ་མཆེད་དུ་སྐྱེས་པའི་ལྷ་རྣམས་སོ།། འདི་ནི་སེམས་ཅན་གྱི་གནས་དྲུག་པའོ།། སེམས་ཅན་གཟུགས་མེད་པ་དང།
6b7 པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འོདས་ཏེ། རྣམ་ཤེས་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གན
iiif viewer powered by OpenSeadragon
6a - 7a