| | e-texts navigator
|
69b1 ཟླ་བ་ལྔ་ལོན་ལོན་པ་ན་ཁྱིམ་ཐབ་ལ་གཏོང་བར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་བུ་མོ་ལོ་བཅོ་ལྔའམ་བཅུ་དྲུག་ལོན་པ་ན། ཁྱིམ་ཐབ་ལ་གཏོང་བ་དེ་བཞིན་དུ། ཚེ་ལོ་བཅུ་བའི་མོ་རྣམས་ཀྱི་བུམ།
69b2 བཙས་ནས་ཟླ་བ་ལྔ་ལོན་པ་ན་ཁྱིམ་ཐབ་ལ་གཏོང་བར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་གོས་ཀྱི་ནང་ན་སྨའི་ལ་བ་མཆོག་ཏུ་གྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་གོས་ཀ་ཤི་ཀའི་རས
69b3 ཕྲ་མོ་འམ། ཟར་མའི་རས་ཕྲ་མོ་འམ། དུ་གུ་ལའི་རས་ཕྲ་མོའམ། ཀོ་ཏམ་པའི་རས་ཕྲ་མོ་མཆོག་ཡིན་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་གོས་ཀྱི་ནང་ན་སྐྲའི་ལ་བ་མཆོག་ཏུ་འགྱུར་རོ།།
69b4 ཆེ་ལོ་བདྲུ་པའི་མི་རྣམས་ཀྱི་ཁ་ཟས་ཀྱི་ནང་ན་ཁྲེ་རྒོད་མཆོག་ཏུ་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ཁ་ཟས་ཀྱི་ནང་ན་འབྲས་སཱ་ལུའི་ཆན་ནག་པོའི་བག་བསལ་བ། ཚོད་མ་དང་། འཁུར་བ་དང་།
69b5 བྱན་སྣ་ཚོགས་དང་ལྡན་པ་མཆོག་ཡིན་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ཁ་ཟས་ཀྱི་ནང་ན་ཀོ་ཏྲ་བ་མཆོག་ཏུ་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་རོ་རྣམ་པ་ལྔ་ནུབ་པར་འགྱུར་ཏེ། ལྔ་གང
69b6 ཞེ་ན། འོ་མ་ཡང་ཡོད། ཞོ་ཡང་ཡོད་མོད་ཀྱི། མར་མི་འབྱུང་ངོ་།། ཏིལ་ཡང་ཡོད། ཏིལ་གྱི་ཕྱེ་མ་ཡང་ཡོད་མོད་ཀྱི། ཏིལ་མར་མི་འབྱུང་ངོ་།། སྦྲང་བུ་ཡང་ཡོད། སྦྲང་ཚིལ་ཡང་ཡོད་མོད་ཀྱི། སྦྲང་རྩི
69b7 མི་འབྱུང་ངོ་།། བུ་རམ་ཤིང་ཡང་ཡོད། ཁུ་བ་ཡང་ཡོད་མོད་ཀྱི། བུ་རམ་མི་འབྱུང་ངོ་།། ལན་ཚྭ་ནི་གཏན་མེད་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་མཚོན་ཆས་བརྒྱན་པར་འགྱུར་ཞིང་། མཚོན
iiif viewer powered by OpenSeadragon
69a - 70a