e-texts navigator
Collection
Volume
Page
Wylie

67b1 འགའ་ཞིག་ལ་འདི་སྐད་དུ། ཀྱེ་སྡོང་པོ་མེ་རེག་མ་འདྲ་བའི་མི་གྲང་མཐོང་ངམ་ཞེས་སྨྲས་སོ།། དེས་སྨྲས་པ། མ་མཐོང་ངོ་།། ཏིལ་ཟའམ། མི་ཟ་འམ། སྨྲས་པ། མི་ཟའོ་ཞེས་སོ།། དེ་ལྟར་ན
67b2 ས་ལ་ནམ་མཁར་འདུ་ཤེས་པ་ཡིན་ནོ།། ཇི་ལྟར་ནམ་མཁའ་ལ་སར་འདུ་ཤེས་ཤེ་ན། སྨྲས་པ། ཇི་ལྟར་བྲས་ཟེ་ལ་ལ་ཞིག་བོང་བུའི་ཤིང་རྟ་ལ་བབས་ཏེ། བོང་བུའི་ཤིང་རྟ་ཕུར་བུ་ལ་བཏགས
67b3 ནས་པུར་བུ་ནམ་མཁའ་ལ་བཏབ་སྟེ་བཙུགས་ནས་མགོ་ལ་བས་དཀྲིས་ཏེ། ས་ལ་ཀན་ཀྱལ་དུ་ཉལ་བ་བཞིན་དུ་ནམ་མཁའ་ལ་སར་འདུ་ཤེས་པ་ཡིན་ནོ།། ལོ་གཅིག་ལ་དུས་གཅིག་ཏུ།
67b4 མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་པ་ཡོད་དེ། ལོ་གཅིག་ལ་དུས་གཅིག་ཏུ་མཚན་མོའི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་པ་དེ་གང་ཞེ་ན།
67b5 དགུན་ཟླ་ཐ་རླུང་ཡར་གྱི་དེ་ཆེས་བརྒྱད་ལ་མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ཡུད་ཙམ་བཅུ་གཉིས་ཡོད་དོ།། ཚེས་དགུ་ཕན་ཆད་ནི་མཚན་མོ་ནི་འབྲིས། ཉིན་མོ་ནི་སྐྱེ་སྟེ། མཚན་མོ་ནི་ཐང་ཅིག
67b6 རེ་རེས་འབྲིའོ།། ཉིན་མོ་ནི་ཐང་ཅིག་རེ་རེས་སྐྱེའོ།། ལོ་གཅིག་ལ་དུས་གཅིག་ཏུ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ།། ལོ་གཅིག་ལ་དུས་གཅིག་ཏུ་ཉིན་མོ་ནི་མུང
67b7 ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་པ་དེ་གང་ཞེ་ན། སྨྲས་པ། དབྱར་ཟླ་ཐ་ཆུང་ཡར་གྱི་ངོ་ཚས་བརྒྱད་ཀྱི་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ།།




iiif viewer powered by OpenSeadragon

67a - 68a

Texts on this page

Ty055-001 - 'jig rten gzhag pa