| | e-texts navigator
|
66a1 གཟུང་གཟེར་ནི་བཻ་ཌཱུཪྻ་ལས་བྱས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུཏྤལ་དང
66a2 པདྨ་དང་ཀུ་མུ་ད་དང་། པདྨ་དཀར་པོ་ས་ཡོངས་སུ་ཁེ་བས་ཏྭེ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉན་པ་དང་། འདོད་དགུར་སྒྱུར
66a3 བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་དག་གི་ཉེན་ཀོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་། དབྱིབས་ལེགས་པར་ཡོངས་སུ
66a4 གྲུབ་པ་སྟེ། མེ་ཏོག་གི་འཕྲེང་བ་བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ་ཀ་མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་ཀ་མེ་ཏོག་གི
66a5 རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ་གཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད
66a6 སྙན་པ་འབྱིན་ཏོ།། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཡོད་དོ།། རྒྱས་པར་སྔ་མ་བཞིན་ནོ།། དེ་དག་ན་གཞལ་མེད་ཁང་ནི་གནས་པའི་ལྷའི་བུ་རྣམས་རྩེ
66a7 ཞིང་དགའ་ལ་དགའ་དགུར་སྤྱོད་དོ།། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ཉི་མས་ཟླ་བ་དྲུག་ཏུ་བགྲོད་པ་གང་ཡིན་པ་དེ་ནི་ཟླ་བས་ཟླ་བ་གཅིག་ཏུ་འགྲོ་བ་དང་འོང་བར་བྱེད་དོ།། ཅིའི་ཕྱིར་ཉི་མའི་དཀྱིལ་འཁོར
iiif viewer powered by OpenSeadragon
65b - 66b