| | e-texts navigator
|
56b1 སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་བཉེན་ཀོར་ན་དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས་སྔོན་པ།
56b2 དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། རོལ
56b3 མོའོ་ཆ་བྱད་སྣ་ཚོགས་འདི་ལ་སྟེ། བི་ཝང་དང་། གླིང་བུ་དང་། པི་ལང་རྒྱུད་གསུམ་པ་དང་། ལ་བར་ཛ་དང་། ཧབ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དོ།། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་།
56b4 རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྲུབ་པའི་ཤིང་དག་ཡོད་དེ། ལྷ་འམ། ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། བདུད་རྩི།
56b5 རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཡོད་དོ།། ཡང་ཐོགས་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ
56b6 ཁང་རྣམས་དང་། ལྷད་མོ་ལྟ་བའི་ས་རྣམས་དང་། སྟེང་ཁང་རྣམས་དང་། ཁྱེར་དུ་འདུག་པ་རྣམས་དང་། སོ་སོ་ན་འདུག་པ་རྣམས་དང་། རྒྱུད་མ་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར
56b7 བྱས་ཤིང་། ལྷའི་བུ་མོ་མང་པོས་བསྟོན་པ་དང་། སིལ་སྙརན་དང་། ཕེག་རྡོབ་པ་དག་གི་སྒྲ་སྨན་པར་སྤོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྐོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན
iiif viewer powered by OpenSeadragon
56a - 57a