| | e-texts navigator
|
53b1 ཤར་ཕྱོགས་སུ་དཔག་ཚད་ལྔ་བཅུར་འདུད་དོ།། སལ་ག་གཉིས་པ་ནི་ལྷོ་ཕྱོགས་སུ་དཔག་ཚད་ལྔ་བཅུར་འདུད་དོ།། ཡལ་ག་གསུམ་པ་ནི་ནུབ་ཕྱོགས་སུ་དཔག་ཚད་ལྔ་བཅུར་འརུང་ངོ་།། ཡལ་ག་བརྡི།
53b2 པ་ནི་བྱང་ཕྱོགས་སུ་དཔག་ཚད་ལྔ་བཅུར་འདུད་དོ།། ཡལ་ག་སྟེང་མ་ནི་དཔག་ཚད་ལྔ་བཅུར་སྟེང་གི་ནམ་མཁའ་ཁྱབ་པར་འདུག་གོ།། ཡོངས་འདུས་བརྟོལ་གྱི་ཆུར་དཔག་ཚད་ལྔ་བཅུར་ཡོད་དོ།། སྦོམས
53b3 སུ་ཡང་དཔག་ཚད་ལྔ་བཅུ་ཡོད་དོ།། མཐའ་སྐོར་དུ་ཡང་དཔག་ཚད་སུམ་བརྒྱ་ལྔ་བརྒྱ་ཡོད་དོ།། ཡོངས་འདུས་བརྟོལ་གྱི་རྡོ་རྗེ་ཕྱོགས་སུ་དཔག་ཚད་བརྒྱར་ངད་ལྡང་ངོ་།། རྫི་ཕྱོགས་མ་ཡིན་པར་དཔག་ཆུད
53b4 ལྔ་བཅུར་ངད་ལྡང་ངོ་།། དཔག་ཚད་བརྒྱད་ཅུར་ནི་འོད་དང་། ཁ་དོག་གིས་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་ལོ་མ་སེར་བ་ན། དེའི
53b5 སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་བརྟོལ་འདི་ལོ་མ་སེར་བ་ལས་ན་ད་ནི་རིང་པོ་མི་ཐོགས་པར་འདབ་མ་ལྷགས་པར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས
53b6 གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་འདབ་མ་ལྷགས་པ་ན། དེའི་ཚེ་སུམ་ཅུ་རྩ་གསུམ་པའི
53b7 ལྷ་རྣམས་ཀྱེ་མ་ཡོངས་འདུས་བརྟོལ་འདི་འདབ་མ་ལྷགས་པ་ལས་ན། ད་ནི་རིང་པོར་མི་ཐོགས་པར་སྦལ་མིག་འཐོན་པར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ
iiif viewer powered by OpenSeadragon
53a - 54a