e-texts navigator
Collection
Volume
Page
Wylie

52a1 #། སྐྱེད་མོས་ཚལ་ཆུབ་འགྱུར་ལ། རྫིང་བུ་རྩུབ་འགྱུར་ཞེས་བྱ་བ་དང་། ཤིང་རྣམས་དང་། ལོ་མ་རྣམས་དང་། མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། གོས་རྣམས་དང་།
52a2 རྒྱན་རྣམས་རྩུབ་པར་འགྱུར་བ་དང་། ལྷའི་བུ་མོ་རྩུབ་པར་འགྱུར་བ་རྣམས་ཡོད་ལ། གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་དུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་དེའི་ཚེ
52a3 ཡང་། ལུས་ཀྱང་དྲུབ་པར་འགྱུར་ཞིང་སེམས་ཀྱང་རྩུབ་པར་འགྱུར་ཏེ། གཡུལ་ལ་མོས་པར་འགྱུར་བས་ན། དེའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་དྲུབ་འགྱུར་ཚལ་ཞེས་བྱའོ།། སྐྱེད་མོས་ཚལ་རྩུབ་འགྱུར།
52a4 ཚལ་གྱི་ལྷོ་ཕྱོགས་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་རྩུབ་འགྱུར་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་། ཞེང་དུ་དཔག་ཚད་ཅིས་བརྒྱ་ལྔ་བདྲ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། ས
52a5 གཞི་བཟང་པོ་སྣ་ཚོགས་ཅན་ཇི་ལྟ་བ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། ལྷའི་གྲོང་ཁྱེར་གྱི་ནུབ་ཕྱོགས་དཔག་ཚད་ཉི་ཤུ་ན། སྐྱེད་མོས་ཚལ་འདྲེན་པའི་ཚལ་ཞེས་བྱ་བ་ཞིག་ཡོད་དེ། སྔ་མ་རྣམས་ཇི་སྐད
52a6 བཤད་པ་དེ་བཞིན་དུ་བརྗོད་པར་བྱའོ།། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བརླུ། མཐའ་སྐོར་དུ་དཔག་ཚད་སྤོང་ཡོད་ལ་གསེར་གྱི་རབས་ཀུན་ནས་བསྐོར་ཏེ། ར་བའི་འཕང
52a7 དུ་དཔག་ཚད་གཅིག་ཡོད་དེ། སྔ་མ་རྣམས་ཇི་སྐད་བཤད་པ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། ཁྱད་པར་ནི་འདི་ཡོད་དེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་འདྲེས་པའི་ཚལ་ཞེས་བྱ་ཞེ་ན། སྨྲས་པ




iiif viewer powered by OpenSeadragon

51b - 52b

Texts on this page

Ty055-001 - 'jig rten gzhag pa