| | e-texts navigator
|
51b1 དཀར་པོ་རྣམ་པ་བཞི་ཡོད་དོ།། རོལ་མོའི་ཆ་བྱང་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་ཆུད་གསུམ་པ་དང་། འཁར་རྔ་དང་། རབ་ཤང་རྣམས་འབྱུང་བའི་ཤིང་དག་ཀྱང་ཡོད་དོ།། རྒྱན་སྣ་ཚོགས།
51b2 ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དེ། ལྷ་འམ། ལྔའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ཝཱ་བུར་དེ་དག་གི་ལས
51b3 ཏུ་འོང་བར་འགྱུར་རོ།། ལམ་དེ་ན་བཞོན་པ་སྣ་ཚོགས་བཀོད་པ་འདི་ལྟ་སྟེ། གླང་པོ་ཆེའི་བཞོན་པ་དང་། རྟའི་བཞོན་པ་དང་། ཤིང་རྟའི་བཞོན་པ་དང་། ཁྱོགས་ཀྱི་བཞོན་པ་དག་ཡོད་དེ། ལྷ་འམ
51b4 ལྷའི་བུ་མོ་རྣམས་ཀྱིས་བཞོན་པ་ཇི་ལྟ་བུར་འདིད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུའི་བཞོན་པ་འོང་བར་འགྱུར་ཏེ། དེ་ལ་ཞོན་ནས་ས་གཞི་སྣ་ཚོགས་ཅན་དུ་འདོང་ཞིང་ཅི་བདེར་གནས་པས་མངོན་པར་དག
51b5 བར་བྱེད་དོ།། དེན་ལྷའི་དྲང་སྲོང་རྣམས་རང་དཀར་ཚངས་པར་སྤྱད་པ་སྤྱོད་དོ།། དེ་བཞིན་དུ་ལྷའི་གྲོང་ཁྱེར་གྱི་ལྷོ་ཕྱོགས་དཔག་ཚད་ཅི་ཤུན། སྐྱེད་མོས་ཚལ་ཆུབ་འགྱུར་ཚལ་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དག
51b6 ཚད་ཆོས་བརྒྱ་ལྔ་བཅུ་ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་རབས་ཀུན་ནས་བསྐོར་ཏེ། ར་བའི
51b7 འཕང་དུ་དཔག་ཚད་གཅིག་ཡོད་དེ། ཤིང་རྟ་སྣ་ཚོགས་ཅན་ན་ཛི་ལྟ་བདེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། ཁྱད་པར་ནི་འདི་ཡོད་དེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་ཆུབ་འགྱུར་ཞེས་བྱ་ཞེ་ན། སྨྲས་པ།
iiif viewer powered by OpenSeadragon
51a - 52a