| | e-texts navigator
|
51a1 དེ་ན་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར། མེ་ཏོགགསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ལྷ་རྣམས་ལས་ཀྱི་དབང་།
51a2 གི་རྐྱེན་གྱིས་ན།། ས་ག་ནི་སྣ་ཚོགས་ཅན་ན་རླུང་ཆེན་ལྡང་།། མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད།། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས།། ཞེས་ཀྱང་བྱའོ།། དེའི་ལས་སྲིང་དུ་པ
51a3 ཉི་ཤུ། ཞེང་དུ་དཔག་ཆད་བྱེད་དང་གཉིས་ཡོད་པ། དབྱིབས་ལེགས་ཤིང་བལྡན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་ཅིང་ཅན་དྲན་གྱི་ཆུས་ཆག་ཆག་བཏབ་པ་གཞིག་མོས། དེའི་གློ་གཡས་གཡོན་ན་མོ།།
51a4 ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་གི་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འདྲེས
51a5 ཆུང་ངམ། མེ་ཏོག་འཕྲེང་རྒྱུད་ཀྱི་སྐྱོབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུལ་བརྐུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱེ་སྣ་ཚོགས་སྐད་སྙན་ཅིང
51a6 འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་།
51a7 དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་།
iiif viewer powered by OpenSeadragon
50b - 51b