e-texts navigator
Collection
Volume
Page
Wylie

4b1 བའི་ས་བཅོལ་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ཀླུའི་རིགས་བཞི་སྟོང་ཡོད་དེ། ཀླུའི་རིགས་སྐྱོང་ལས་སྐྱེ་བ་སྟོང་དང་། མངལ་ནས་སྐྱེ་བསྟོང་དང་། དྲོད་གཤེར་ལས་སྐྱེ
4b2 བ་སྟོང་དང་། རྫུས་ཏེ་སྐྱེ་བ་སྟོང་རྣམས་སོ།། སྟེང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ནམ་མཁའ་ལྡིང་གི་རིགས་བཞི་སྟོང་ཡོད་དེ། ནམ་མཁའ་ལྡིང་གི་རིགས་སྒོར་ལས་སྐྱེ་བ་སྟོང་དང་། མངལ་ནས་སྐྱེ་བ
4b3 སྟོང་དང་། དྲོད་གིཤེར་ལས་སྐྱེ་བ་སྟོང་དང་། རྫུས་ཏེ་སྐྱེ་བ་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། རྒྱལ་པོ་ཆེན་པོ་བཞི་སྤྱོང་ཡོད་དེ། ཡུལ་འཁོར་སྲུང་སྟོང་དང་། འཕགས་སྐྱེས་པོ
4b4 སྟོང་དང་། མིག་མི་བཟང་སྟོང་དང་། རྣམ་ཐོས་སྨོས་ཀྱི་བུ་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། འགྲོ་བ་ལྔ་པོ་ལྔ་སྟོང་ཡོད་དེ། སེམས་ཅན་དཔྲལ་བའི་འགྲོ་བ་སྟོང་དང་།
4b5 དུད་འགྲོ་དང་། ཡི་དགས་དང་། ལྷ་དང་། མིའི་འགྲོ་བ་སྟོང་རྣམས་སོ།། སྟེང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། འདུན་ས་ཆེན་པོ་ཉིས་སྟོང་ཡོད་དེ། ལྷའི་འདུན་ས་ཆོས་བཟང་སྟོང་དང་། ལྷམ
4b6 ཡིན་གྱི་འདུན་ས་ནོར་བཟང་ཞེས་བྱ་བ་སྟོང་རྣམས་སོ།། འཇིག་རྟེན་བཞག་པ་ལས་ཚིགས་དང་པོའོ།། ། སྡོམ་ལ། སྐྱེ་གནས་རི་དང་རོལ་མཚོ་དང་།། དེ་བཞིན་སེམས་ཅན་དམྱལ
4b7 བརྒྱད་གཞན།། སེམས་ཅན་གནས་དགུ་རབ་བཤད་དེ།། ལས་ལམ་བཅུ་པོ་དེ་བཞིན་ནོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། འདོད་པའི་སྐྱེ་གནས་གསུམ་ཡོད་དེ། གསུམ་གང་ཞེ




iiif viewer powered by OpenSeadragon

4a - 5a

Texts on this page

Ty055-001 - 'jig rten gzhag pa