e-texts navigator
Collection
Volume
Page
Wylie

49b1 ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལུང་མོ་ལྦུ་བའི་ས་རྣམས་དང་། ཟས་པ་རྣམས་བུད་མེད་ཀྱིས།
49b2 མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བསྟེན་པ་དང་། སིལ་སན་དང་། ཕེག་རྡོབ་པ་དག་གིས་སྒྲ་སྲན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་། བཏུང
49b3 བ་དང་ལྡན་པ་དག་ཡོད་དེ། དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། དེའི་གློ་ལམ་ཆུར་དཔག་ཚད་ནི
49b4 ཤུ་ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ། དབྱིབས་ལེགས་ཤིང་བལྟན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་མངལ་ཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དོ།། དེའི་གྲོ་གཡས་གཡོན་ནམེ།
49b5 ཏོག་གི་ཤིང་དང་། འབྲས་བུའི་ཤིང་རྣམ་པ་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག
49b6 འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཟ་གུལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྲན་ཅིང
49b7 འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་།




iiif viewer powered by OpenSeadragon

49a - 50a

Texts on this page

Ty055-001 - 'jig rten gzhag pa