e-texts navigator
Collection
Volume
Page
Wylie

47b1 པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་སྐད་མཆེན་པ་དང་། འདོད་དགུར་བསྐུར་བའི་གཟུགས་ཅན་རྣམས་སྐད་སྐུར་པ་འབྱིན་ཏོ།།
47b2 ལྷའི་ཟོང་ཁྱེར་འོབས་བདུན་རིམ་གྱིས་ཀུན་ནས་བསྐོར་ཏེ། འོབས་དེ་དག་ཐབས་དང་། རྒྱར་དཔག་ཚད་གཅིག་ཡོད་དེ། པ་ཀུ་ག་སེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་རྠརྦ་ལས་བྱས
47b3 པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་བརྩིགས་ལ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ལ
47b4 ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། འོབས་དེ་དག་ན་རུ
47b5 སྐྲ་དང་། ཆུ་མོ་ཀུན་དང་། གྲུ་སྣ་ཚོགས་རྣམས་བྱས་པ་དག་ཡོད་དེ། དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཆུའི་རྩེད་མོ་ལ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ།། འོབས་དེ་དག་གི་རྟེན་ཀོར་ན། མེ་ཏོག
47b6 གི་ཤིང་དང་འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་འགྲུབ་པ་སྟེ། མེ་ཏོག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག
47b7 འབྲེང་ཆུང་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྐུས་པ་དང་། མེ་ཏོག་ཀཽན་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང




iiif viewer powered by OpenSeadragon

47a - 48a

Texts on this page

Ty055-001 - 'jig rten gzhag pa