e-texts navigator
Collection
Volume
Page
Wylie

3b1 པའམ་ཆགས་པར་གནས་ཏེ། གཞན་འཇིག་ཅིང་གཞན་ཞིག་པར་གནས་ལ། གཞན་འཆགས་ཤིང་གཞན་ཆགས་པར་གནས་སོ།། དགེ་སློང་དག་དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག
3b2 རྟེན་གྱི་ཁམས་རྣམས་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་མཐའ་མེད་ཅིང་མུ་མེད་ལ། འཇིག་པའམ་ཞིག་པར་གནས་ཤིང་། འཆགས་པའམ་ཆགས་པར་གནས་ཏེ། གཞན་འཇིག་ཅིང
3b3 གཞན་ཞིག་པར་གནས་ཏེ། གཞན་འཆགས་ཤིང་གཞན་ཆགས་པར་གནས་སོ།། དགེ་སློང་དག་དཔེར་ན། བར་སྣང་ལས་ཆར་པའི་འབྲུ་ཤིང་རྟའི་སྲོག་ཤིང་ཙམ་འབབ་སྟེ། ཆུའི་རྒྱུན
3b4 རྣམས་རབ་ཏུ་འབབ་པ་ན་མཚམས་སམ་བར་ཆད་མེད་པ་དེ་བཞིན་དུ། དགེ་སློང་དག་ངས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས། ཤར་ཕྱོགས་སུ་དེ་ལྟ་བུའི་སྟོང་གསུམ་གྱི་སྟོང
3b5 ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་མེད་ཅིང་བུ་མེད་ལ། འཇིག་པ་འམ་ཞིག་པར་གནས་ཤིང་། འཆགས་པའམ་ཆགས་པར་གནས་ཏེ། གཞན་འཇིག་ཅིང་གཞན་ཞིག་པར་གནས་ལ
3b6 གཞན་འཆགས་ཤིང་གཞན་ཆགས་པར་གནས་པ་དང་། དེ་བཞིན་དུ་ལྷོ་དང་། ནུང་དང་། བྱང་གི་ཕྱོགས་སུ་དེ་སྙེད་ཀྱི་སྟེང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་མཐའ་མེད
3b7 ཅིང་མུ་མེད་ལ། འཇིག་པ་འམ་ཞིག་པར་གནས་ཤིང་། འཆགས་པ་འམ། ཆགས་པར་གནས་ཏེ། གཞན་འཇིག་ཅིང་གཞན་ཞིག་པར་གནས་ལ། གཞན་འཆགས་ཤིང་གཞན་ཆགས




iiif viewer powered by OpenSeadragon

3a - 4a

Texts on this page

Ty055-001 - 'jig rten gzhag pa