| | e-texts navigator
|
38b1 བཏུང་བ་ལས་བསྐུམ་པ་བཞིཞིདུ། ཀླུང་བ་རྫ་རྒྱལ་པོ་རབཏུ་བདུན་འཇམ་བུ་གླིང་ནས་མི་སྣང་བར་གྱུར་ཏེ། བྲམ་ཅུ་གསུམ་པའི་བླརྣམས་ཀྱི་ནང་དུ་སོང་ངོ་།། སོང་ནས་མགྲོ་སུས་དུ
38b2 གཉིས་མངོན་པར་སྤྲུལ་ཏེ། མགོ་རེ་རེ་ལ་མཆེ་བ་དྲུག་དྲུག། མཆེ་བ་རེ་རེ་ལ་རྫིང་བུ་བདུན་བདུན། རྫིང་བུ་རེ་རེ་ལ་པདྨ་བདུན་བདུན། པདྨ་རེ་རེ་ལ་སྡོང་བུ་བདུན་བདུན། སྡོང་བུ་རེ་རེ་ལ་ལྷའི་བུམ
38b3 བདུན་བདུན་ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན་གཡོག་མོ་རེ་རེ་ལ་སིལ་སྙན་བདུན་བདུན་མངོན་པར་སྤྲུལ་ཏེ། མགོ་བོ་དེ་དག་ཐམས་ཅད་ཀྱི་ནང་ན་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ
38b4 ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན་ནོ།། དེ་ལས་གཞན་པའི་མགོ་བོ་ལྷག་མ་རྣམས་ལ་ནི་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་པོ་རྣམས་ཞོན་ནོ།། དེ་ལས་གཞན་པའི་གླང་པོ་ཆེ་རྣམས་ལ་ནི། དེ་ལས་གཞན
38b5 པའི་སུམ་ཅུ་རྩ་གསུམ་པ་རྣམས་ཞོན་ནོ།། དེ་ཤིན་སུ་མགྱོགས་ཏེ། དཔེར་ན་འཇིག་པའི་རླུང་ངམ། ཆགས་པའི་རླུང་བཞིན་ཏེ། དེ་ན་ལྷའམ། ལྔའི་བུ་མོ་སུ་ཡང་འདི་སྙམ་དུ་འདྲི་ནི་བདག་ནི
38b6 མདུན་དུ་འགྲོའོ་ཞེའམ། ཕྱི་ནས་འོང་ངོ་སྙམ་དུ་སེམས་པ་མེད་དོ།། དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་གྱི་ལྷོ་ཕྱོགས་སྐེ་ནས་བྱུང་སྟེ། སྐྱེད་རོ
38b7 ཆལ་ཆུབ་འགྱུར་ཚལ་དུ་ཕྱིན་ནས། རྫུ་འཕྲུལ་མངོན་པར་འདུ་བྱེད་པ་དེ་བཏང་སྟེ། ལྷ་འམ། ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ཏེ།
iiif viewer powered by OpenSeadragon
38a - 39a