e-texts navigator
Collection
Volume
Page
Wylie

387b1 རབ་གྲོལ་ཞིང་།། གཞན་གྱིས་མི་དཀྲི་བ་དག་ཞི་དེར་རེག། འདི་ལ་དེར་རེག་གྲངས་སུ་ཕྱིན་མི་འགྱུར།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་གང་ཞིག་འཇིག་རྟེན་རིན་ཆེན
387b2 མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། བདེན་པ་མཐོང་བ་བརྗོད་པས་བརྒྱ་ལམ་ན།། གལ་ཏེ་སྡིག་པ་འབའ་ཞིག་བྱས་གྱུར་ཅིང་།།
387b3 དེ་ནི་དེ་ཆབ་པ་ཡི་འོས་མིན་ཏེ།། ཆོས་ཉིད་འདི་ནི་མི་གཡོ་གནས་ཕྱིར་རོ།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ
387b4 བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན།། སངས་རྒྱས་དང་ནི་ལྷག་པའང་མཚུངས་པ་མེད།། ལྷ་དང་མི་ཡི་སྟོན་པ་བླ་ན།།
387b5 མེད།། སྟོན་པ་དེད་དཔོན་སྨན་པ་རྣམས་ཀྱི་མཆོག། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།།
387b6 བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། སོས་ཀའི་ཟླ་བ་དང་པོར་ཐུབ་པ་ཡིས།། ནགས་ཁྲོད་ཆོས་ཀྱི་དམ་པ་གང་གསུངས་པ།། ཆོས་དེ་དང་ནི་མཚུངས་པའང་ལྷག་པ་མེད།། འདི་ལ་དེར་རེག་གྲངས
387b7 སུ་ཕྱིན་མི་འབྲང་།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག།




iiif viewer powered by OpenSeadragon

387a - 388a

Texts on this page

Ty055-018 - de bzhin gshegs pa lnga'i bkra shis tshigs su bcad pa
Ty055-019 - bkra shis mdzad pa bcu gnyis kyi bkra shis