| | e-texts navigator
|
384b1 བློ་དང་ལྡན། ཆོ་ག་ཡོན་ཏན་དག་ལ་དགའ་བར་ཤོག་བསམ་གཏན་མངོན་ཤེས་སོ་སོ་ཡང་དག་རིག་དབང་བཅུ་དག་ལ་བདག་དབང་བྱེད་གྱུར་ཅིག་བྱང་ཆུབ་སེམས
384b2 དཔའ་གང་དག་ལམ་རྫོགས་པ།། དེ་དག་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག། དེ་ལ་གང་དག་ལམ་ཀུན་མ་རྫོགས་པ།། དེ་དག་ཚོགས་ཀྱིས་རྙེད་པ་རྙེད་གྱུར་ཅིག། སེམས་ཅན
384b3 ཐམས་ཅད་བླ་ན་མེད་པ་ཡི།། བྱང་ཆུབ་ཏུ་ནི་སྨོན་ལམ་མྱུར་འདེབས་ཤོག། དེ་ལ་དམ་བཅས་པས་ནི་བརྟན་གྱུར་ཅིང་།། བྱང་ཆུབ་ཐོབ་མིན་དོན་གཞན་བྱེད་མ་གྱུར། ལུས་ཀུན
384b4 དབང་པོ་དག་པས་རབ་རྒྱས་ཤིང་།། ནད་མེད་རིམས་ནད་མེད་ཅིང་མྱ་ངན་བྲལ།། ཚེ་རིང་ཞི་དང་སྒྲ་ནི་ཡིད་འོང་ལྡན།། སྡིག་ལས་ཟློག་ཅིང་དགེ་ལ་འཇུག་གྱུར་ཅིག། སེར་སྣ
384b5 བྲལ་ཞིང་ཟང་ཟིང་མེད་ཆོས་ཀྱིས།། རྟག་ཏུ་ཕན་ཚུན་ཕན་འདོགས་བྱེད་པར་ཤོག། གཞན་དུ་སྙིང་རྗེ་ཆེ་དང་ལྡན་གྱུར་ནས།། འདོད་པ་མི་མངའ་བདེ་བར་གཤེགས་གྱུར་ཅིག། འགྲོ་བ
384b6 སྡུག་བསྔལ་བྱིང་ལ་ཕན་བྱའི་ཕྱིར།། སངས་རྒྱས་བྱང་ཆུབ་བླ་ན་མདོ་མཆོག་ཏུ།། རྡོ་རྗེ་རྒྱལ་མཚན་ཡོངས་བསྔོ་རྒྱལ་པོ་ལ།། དེས་ནི་རང་གི་བསོད་ནམས་ཡོངས་སུ་བསྔོ།། བདེ་གཤེགས
384b7 ཀུན་ཏུ་བཟང་དང་མཁྱེན་པ་དག། ཀུན་ཏུ་བཟང་པོ་བསྔོ་དགེ་ཇི་ལྟ་བར།། དེ་བཞིན་བདག་ཀྱང་ཀུན་ཏུ་བཟང་སྤྱོད་དང་།། རྒྱལ་བ་དམ་པ་ཀུར་ཏུ་བཟང་པོར་ཤོག། རྡོ་རྗེ་རྒྱལ་མཚན་གྱི
iiif viewer powered by OpenSeadragon
384a - 385a