| | e-texts navigator
|
382b1 ཁམས་ཇི་ཙམ་པ་དང་། དགེ་འདུན་གྱི་ཁམས་ཇི་ཙམ་པ་དང་། ཡང་དག་པའི་མཐའ་ཇི་ཙམ་པ་དང་། གཉིས་སུ་མེད་པ་ཇི་ཙམ་པ་དང་། དེ་བཞིན་ཉིད་ཇི་ཙམ་པ་དང་མཉམ
382b2 པ་ཉིད་ཇི་ཙམ་པ་དང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཁམས་ཇི་ཙམ་པ་དང་། འཁོར་བར་དོགས་པ་དང་། འདོགས་པར་འགྱུར་བའི་ཇི་ཙམ་པ་དེ་ཙམ
382b3 དུ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་། ཀུན་ནས་ཉོན་མོངས་པའི་ཁམས་གང་ཡིན་པ་དེ་བདག་ལ་སྨིན་ནས་སེམས་ཅན
382b4 ཐམས་ཅད་རྣམ་པར་གྲོལ་ཞིང་། རྣམ་པར་དག་པར་གྱུར་ཅིག། བདག་གིས་ཇི་ཙམ་དུ་སྔོན་གྱི་མཐའ་མ་འཚལ་བ་དགེ་བའི་རྩ་བ་བགྱིས་ཤིང་། བསགས་པ་གང་ལགས་པ
382b5 དེ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་དབྱིའོ།། བདག་ནི་འདོད་ཆགས་ལ་ཆགས། ཞེ་སྡང་གིས་གདུངས། གཏི་མུག་གིས་རྨོངས་ཏེ། ཉོན་མོངས་པ་དང
382b6 ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་དང་ལྡན་ནས། ཇི་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བགྱི་བ་ཡང་དག་པ་ཇི་ལྟ་བ་བཞིན་མ་འཚལ། མ་མཐོང
382b7 མ་རིག་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཁྱེན་ཅིང་གཟིགས་ལ་ཐུགས་སུ་ཆུད་པས་ཇི་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་མཛད་པ་དེ་ལྟར་བདག་གིས་ཡོངས་སུ་བསྔོ་བར
iiif viewer powered by OpenSeadragon
382a - 383a