e-texts navigator
Collection
Volume
Page
Wylie

37b1 དེར་ཅི་ས་སྲུངས་མ་བན་པ་རྣམས་རྒྱལ་ཏེ་ལྷ་མ་ཡིན་རྣམས་པམནན་སྲུངས་མ་བཞི་པོ་རྣམས་ཀྱིས་ལྷམ་ཡིན་རྣམས་ཐུབ་ཅིང་དྲུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྟབ་ཀྱིས་ཕྲོགས་པར་བྱས
37b2 ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། ཅི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། སྲུངས་མ་བཞི་པོ་རྣམས་པ་མ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་བཞི་པོ་དག་ལྷ་མ་ཡིན་རྣམས
37b3 ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་གསུམ་པ་ནས། བང་རིམ་བཞི་པ་གང་ན་རྒྱལ་པོ་ཆེན་པོ་བཞི་པོ་རྣམས
37b4 འཁོད་པར་རྩེ་ཞིང་འགྲོའོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་། རྟག་ཏུ་མྱོས་པའི་ལྷ་རྣམས་དང་། འཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་ཡོལ་གོ་ཐོགས་པའི་ལྷ་རྣམས་དང་། ཆུན
37b5 གནས་པའི་ཀླུ་རྣམས་དང་། སྲུངས་མ་ལྔ་པོ་རྣམས་གཅིག་ཏུ་འདུས་པར་གྱུར་ནས། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར་ཅི་རྩི་སྤངས་མ་ལྔ་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས
37b6 པ་མ་ན་ན་སྲུངས་མ་ལྔ་པོ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། ཙ་སྟེ
37b7 མ་ཡིན་རྣམས་རྒྱལ་ཏེ། སྲུངས་མ་ལྔ་པོ་རྣམས་ཕམ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱས




iiif viewer powered by OpenSeadragon

37a - 38a

Texts on this page

Ty055-001 - 'jig rten gzhag pa