e-texts navigator
Collection
Volume
Page
Wylie

36a1 པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་ནས། མཚོན་ཆརྣམ་པ་བཞི་ལ་འདི
36a2 ཁྲུ་སྟེ། རལ་གྲི་དང་། མདུང་དང་འཕང་མདུང་དང་གཟུརྣམས་སོ།། མཚོན་ཆ་རྣམ་པ་བཞི་རལ་གྲི་དང་། མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་ནས། སུས་རྒྱུན་གསུམ་པའི།
36a3 ལྷ་རྣམས་དང་གཡུལ་འགྱེད་པའི་ཕྱིར་ལྷ་མ་ཡིན་གྱི་གྲོང་ཁྱེར་ནས་བྱུང་ངོ་།། ལྷ་མ་ཡིན་དེ་དག་གི་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་།
36a4 དཔུང་བུ་ཆུང་གི་ཚོགས་རྣམས་ཀྱིས་གོ་ཆ་བགོས་ཏེ་གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་པ
36a5 ནས་མཚོན་ཆ་རྣམ་པ་བཞི་རལ་གྲི་དང་མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་གཡུལ་འགྱེད་པའི་ཕྱིར་ལྷ་མ་ཡིན་གྱི་གྲོང་ཁྱེར་ནས་བྱུང
36a6 བ་དེ་དག། ཆུན་གནས་པའི་ཀླུ་རྣམས་ཀྱིས་མཐོང་ངོ་།། མཐོང་ནས་ཆུན་གནས་པའི་ཀླུ་རྣམས་ཀྱང་། དཔུང་གི་ཚོགས་ཡན་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས
36a7 དང་ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་ཀྱིས་གོ་ཆ་བགོས་ཏེ། གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བེ་ནུརྨ་ལས་བྱས་པ་དང་། ཤེས




iiif viewer powered by OpenSeadragon

35b - 36b

Texts on this page

Ty055-001 - 'jig rten gzhag pa