e-texts navigator
Collection
Volume
Page
Wylie

369b1 ས་འམ་ཡང་རྣམེ་འམ་ནུ། རླུང་གི་ཁམས་ལྟར་མི་གནས་ཤིང་།། བཟོད་པ་ཁྲོ་བ་མ་མཆིས་པར།། བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག། བརྩོར་འགྲུས་བརྩམས་པའི་བརྩོན་འགྲུས།
369b2 ཀྱི། བསན་སྒྲོལ་ལོ་མི་མཆིས་ཤིང་།། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས།། བརྩོར་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། སྒྱུ་མས་བུའི་ཏིང་འཛིན་དང་།། དཔའ་བར་འགྲོ་བའི་ཏིང།
369b3 འཛིན་དང་།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག། རྣམ་པར་ཐར་པའི་སྒོ་གསུམ་དང་།། དུས་གསུམ་མཉམ་པ་ཉིད་དང་ཡང་།། རིག་གསུམ་མངོན་སུམ
369b4 བགྱིས་པ་ཡིས།། ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག། སངས་རྒྱས་ཀུན་གྱིས་བསྔགས་པ་དང་།། འོད་དང་གཟི་བརྗིད་འབར་བ་དང་།། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས།།
369b5 བདག་གི་བསམ་པ་རྫོགས་གྱུར་ཅིག། དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང་།། བྱམས་པ་གྲགས་དང་ལྡན་པ་ཡིས།། ཕ་རོལ་ཕྱིར་དྲུག་རྫོགས་བགྱིས་ནས།། ས་བཅུ་ལ་ནི་རབ་ཏུ་གནས།
369b6 ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། གང་ལ་གནས་ནས་ཐབས་ལ་མཁས་པས་ཐེག་པ་བདེ་བ། འཇུག་པ་བདེ་བ་བླ་ན་མེད་པ་ཡང་དག་པར
369b7 རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཐབས་ལ་མཁས་པ་ནི་དེ་ཡིན་ནོ།། འཕགས་པ་བྱམས་པའི་སྨོན་ལམ་རྫོགས་སོ།། བོད་སྐད་དུ




iiif viewer powered by OpenSeadragon

369a - 370a

Texts on this page

Ty055-010 - 'phags pa byams pa'i smon lam
Ty055-011 - byang chub dam pa'i rjes su mos pa'i smon lam