e-texts navigator
Collection
Volume
Page
Wylie

364b1 བདེ་བའི་ཕྱིར།། བསྐལ་བ་ཞིང་གི་རྡུལ་སྙེང་བཞུགས་པར་ཡང་།། བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི།། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།། རྗེས་སུ་ཡི་རང་།
364b2 བསྐུལ་ཞིང་གསོལ་བ་ཡི།། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། འདས་པའི་སངས་རྒྱས་རྣམས་དང་ཕྱོགས
364b3 བརྩེ་ཡི།། འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར།། གང་ཡང་མ་བྱོན་དེ་དག་རབ་མྱུར་བར།། བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན།། ཕྱོགས་བཅུ་པདྨའི་ཞིང
364b4 རྣམས་ཇི་སྙེད་པ།། དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར།། བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་།། སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག། ཕྱོགས་བཅུའི་སེམས
364b5 ཅན་གང་རྣམས་ཇི་སྙེད་པ།། དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར།། འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི།། འཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག་བྱང་ཆུབ་སྤྱོད་པ་དག
364b6 ནི་བདག་སྤྱོད་ཅིང་།། འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར།། ཚེ་རངས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན།། རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག། རྒྱལ་བ་ཀུན་གྱི་རྗེས་སུ་སློབ
364b7 གྱུར་ཏེ།། བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་།། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར།། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག། ལྷ་ཡི་སྐད་དང




iiif viewer powered by OpenSeadragon

364a - 365a

Texts on this page

Ty055-009 - 'phags pa bzang po spyod pa'i smon lam gyi rgyal po