e-texts navigator
Collection
Volume
Page
Wylie

364a1 བརྗོད་ཅིག། བ་པ་གཤེགས་པ་ཐམས་ཅང་བདག་གིས་བཅཝོ། མ་ཏོག་དས་པ་འགྲེང་བ་དམ་པ་དང་།། སམ་ཀུན་རྣམས་དང་རྒྱན་པ་གདུགས་རློ་།
364a2 མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་།། བྱེ་བའི་ཟུར་མ་རི་རང་མཉམ་པ་དང་།། བཀོད་པ
364a3 ཁྱད་པར་འཕགས་པའི་མཆོག་ཀུན་གྱིས།། རྒྱལ་བ་དེ་དག་ཀུན་ལ་མཆོད་པར་བགྱི།། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ།། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས།། བཟང་པོ་སྤྱོད་ལ་དད
364a4 པའི་སྟོབས་དག་གིས།། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི།། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན།། ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་།། སྡིག་པོ་བདག
364a5 གིས་བགྱིས་པ་ཅི་མཆིས་པ།། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས།། རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་།
364a6 འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་།། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་།། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག། བྱང་ཆུབ་རིམ་པར་སངས་རྒྱས་མ
364a7 ཆགས་བརྙེས།། མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ།། འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ།། མྱ་ངན་འདས་སྟོན་གང་བཞེད་དེ་དག་ལ།། འགྲོ་བ་ཀུན་ལོ་ཕན་ཞིང་།




iiif viewer powered by OpenSeadragon

363b - 364b

Texts on this page

Ty055-009 - 'phags pa bzang po spyod pa'i smon lam gyi rgyal po