| | e-texts navigator
|
353b1 སེར་སྐྱས་བསྲུང་། རྒྱལ་པོ་དི་ཛ་ཡ་སང་ཐ་མ་རྒྱལ་མོ་དགྱིད་པའི་ཚེ་ཁ་ཆེའི་ཡུལ་ནས། དགེ་སློང་མ་འཕགས་པ་དགྲ་བཅོམ་མ་ཤིལ་ཏ་དང་། འགིའུ་ཤུརྱ་ཞེས་དགྱི་ང་གཉིས་ནམ་མཁའ་ལས
353b2 ལྡིངས་ཏེ་གཤེགས་ནས། སྲད་ཀྱིས་ཁྱིམ་བདག་ན་མོ་བདོད་གྱི་བའི་ཁྱིམ་དྲུང་དུ་ཞུགས་ནས། རྒྱལ་པོ་བི་ཛ་ཡ་སང་གྲ་མ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་དོགས་འདི་ནི་སྔོན་སངས་རྒྱས་ཤཱཀྱ་ཐུང
353b3 པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་སྲ་ཤིང་ཞེས་དགྱི་བར་གྱུར་པ་ན། བྲམ་ཟེ་ལ་དུ་མིང་སྲིང་གཉིས་ཡོན་དུ་ཕུལ་ཏེ། འཕྲིན་ལས་དཀའ་བ་རྣམ་པ་གཅིག
353b4 མཛད་པའི་ས་འདི་ལགས་པས། འདིར་གཙུག་ལག་ཁང་གཅིག་བརྩིགས་པའི་རིགས་སོ་ཞེས་བགྱིས་པ་དང་། ཁྱིམ་བདག་ན་མོ་བོདེ་ཅེས་བགྱི་བ་དེའང་དད་པ་སྐྱེས་ནས་ཁང་ཁྱིམ་དང་སེ་དེའང་ཡུལ
353b5 དུ་ཕུལ་ནས། རྒྱལ་པོས་ཀྱང་གཙུག་ལག་ཁང་གཅིག་གརྩིགས། ཡོན་བདག་ལས་ཀྱང་མིང་དྲས་ནས། གཙུག་ལག་འང་གི་མཚན་ཡང་ན་མོད་འབུ་འདོད་ཞེས་བྱ་བར་བཏགས་ད་ལྟར
353b6 ཀླུའི་རྒྱལ་པོ་ཧུ་ལོར་དང་། ལྷ་གསེར་གྱི་སྐྲ་ཞེས་བགྱི་བས་བསྲུང་། དེ་ནས་ལི་རྗེའི་བློན་པོ་འདའ་ནོ་ཞེས་བགྱི་བ་ཞིག་གིས་ཚོང་དུས་བར་མར་སྐུ་གཟུགས་ཆེན་པོ་བགྱིས་པ་ལས། སླད་ཀྱིས་ཡང
353b7 ལི་བློན་པོ་ཨ་མ་ཙི་བྱ་ནད་ཀྱིས། སྐུ་གཟུགས་ཆེན་པོའི་ལྷ་ཞིག་རལ་དུ་གྱུར་པའང་གསོས། ཀོང་ཤེང་གི་དགེ་སློང་མའི་སླད་དུ་འདའ་ནོ་ཡོ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་རྣམ་ཐོས
iiif viewer powered by OpenSeadragon
353a - 354a