| | e-texts navigator
|
352b1 བའི་གཙུག་ལག་འང་བརྩིགས་ཏེ། ད་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་ཀྱིས་བསྲུང་།། དེ་ནས་གཙུག་ལག་ཁང་འབྲུ་ཞན་བརྩིགས་པའི་རྒྱལ་པོ་བཛྲ་ལ་སང་ཐ་བའི་མཆིས་དྲང་། རྒྱལ་པོ་ཁྲོམ་ཀོ་སར་གྱི་བུ།
352b2 མོའུ་རོང་ཀ་ཞེས་བགྱི་བའི་བུ་མོ་གཉིས་རབ་ཏུ་བྱུང་ནས་དགྲ་ཚོམས་ཏེ། འཕགས་མ་དེ་གཅིག་གི་མཚན་ནི་ཤི་ལམ་ཏེ་ཞེས་བགྱི། གཅིག་གི་མཚན་ནི་གོའུ་ཤ་ར་ཞེས་བགྱི་སྟེ། འཕགས་མ་དེ་གཉིས་ཁ་ནེའི
352b3 ཡུལ་ནས་ནམ་མཁའ་ལ་ལྡིངས་ཏེ། ནུ་མོ་རྒྱལ་མོའུ་རོང་ཀའི་དགེ་བའི་བཤེས་གཉེན་ཏེ། འཕགས་མ་དེ་གཉིས་ཀྱི་སླད་དུ་རྒྱལ་པོས་སྤྲོ་བོན་འཛེའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ཀླུའི་རྒྱལ་པོ་ཧུ་ལོར་བགྱི་བ་དང་།
352b4 གསེར་གྱི་སྐྲ་ཞེས་བགྱི་བ་གཉིས་ཀྱིས་བསྲུང་། དེ་ནས་རྒྱལ་པོ་བི་ཛ་ལ་ཀི་ར་ཏིའི་བུ་མོ་བི་ཞ་ཛ་ཡས། བུ་མོ་འཕགས་པ་དགྲ་བཅོམ་མ་བྱི་ཏ་ཤེ་ཙའི་སླད་དུ། པོ་ལོང་འཇོའི་གཙུག་ལག་ཁང་བརྩིགས་ཏེ།
352b5 ད་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་ཀྱིས་བསྲུང་། དེ་ནས་རྒྱལ་པོ་བི་ཛ་ཡ་ཛ་ཡའི་བུ་མོ་གུ་ཟན་གྱི་རྒྱལ་པོའི་མཆིས་དྲང་དཀྱིང་པ། བྱི་ཞ་པྲ་བ་ཞེས་བགྱི་བས་ཕུ་མོ་དགེ་སློང་མ་འཕགས་མ་དགྲ་བཅོམ་པའི
352b6 ཞ་ཛ་ཡའི་སླད་དུ། ཨེར་མོ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ལྷ་སེར་སྐྱས་བསྲུང་། དེ་ནས་རྒྱལ་པོ་བི་ཛ་ཡ་བལ་ཞེས་བགྱི་བས། སྔར་སླད་དུ་སེམས་ཅན་བང་པོ་ཞིག་བཀུམ་ནས་འགྱོད་པ་སྐྱེས་ཏེ།།
352b7 བསོད་ནམས་པལ་ཆེར་བགྱིས། མཆིས་ཐང་ཡང་ཐར་བར་བཏང་། འཕགས་མ་དགྲ་བཅོམ་མར་གྱུར་པའི་སླད་དུ་དང་པ་སྐྱེས་ནས་རྡོ་རྔོ་ན་ན་འི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་རྣམ་ཐོས་ཀྱི་སྲས
iiif viewer powered by OpenSeadragon
352a - 353a