e-texts navigator
Collection
Volume
Page
Wylie

34b1 པ་ཡིན་གྱིག་ལེགས་པར་སྦས་པ་ས་མན། གཉེས་པར་བྱོན་པ་ལན་གྱི། ལེགས་པར་སྨོན་པ་མ་ཡིན་ནོ།། ཉེས་པར་བརྗོད་པ་མིན་གྱིག་ལེགས་པར་བརྗོད་པ་མ་ཡིན་ནོ།། དགེ་སང་དག་གརྗོང་།
34b2 དགྲ་བཅོམ་པ་ཡིན་ཞིང་གང་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ་། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས
34b3 བས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེས་ནི་གང་འདི་སྐད་དུ། འདིར་ནི་རྗེ་བྱེད་ཚེས་བརྒྱད་དང་།། དེ་བཞིན་བཅུ་བཞི་བཅོ་ལྔ་དང་།། ཆོ་འཕྲུལ་གྱི་ནི་ཟླ་བྱེད་ལའང་།། གསོ་སྦྱོང་ཡན་ལག་བརྒྱད་པ་ལ།
34b4 ཤིན་ཏུ་མཉམ་གཞག་གནས་བྱེད་འདིར།། ཅི་འདྲ་བ་དེ་བཞིན་འགྱུར།། ཚིགས་སུ་བཅད་པ་འདི་སྨྲས་ན་ལེགས་པར་སྨྲས་པ་ཡིན་ཏེ། ཉེས་པར་སྨྲས་པ་མ་ཡིན་ནོ།། ལེགས་པར་སྟོན་པ་ཡིན།
34b5 ཅེ་ཉེས་པར་སྟོན་པ་མ་ཡིན་ནོ།། ལེགས་པར་བརྗོད་པ་ཡིན་ཏེ། ཉེས་པར་བརྗོད་པ་མ་ཡིན་ནོ།། དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་ནི་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ།
34b6 གཏི་མུག་དང་བྲལ་བ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་ལས་ཡོངས་སུ་གྲོལ་ཞིང་སྡུག་བསྔལ།
34b7 ལས་ཡོངས་སུ་གྲོལ་བའོ་ཞེས་ང་སྨྲ་སྟེ། དེ་བས་ན་དེས་ནི་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཆེས་བརྒྱད་དང་།། དེ་བཞིན་བཅུ་བཞི་བཅོ་ལྔ་དང་།། ཆོ་འཕྲུལ་གྱི་ནི་ཟླ་བྱེད་ལའང་།། གསོ་སྦྱོང་ཡན་ལག




iiif viewer powered by OpenSeadragon

34a - 35a

Texts on this page

Ty055-001 - 'jig rten gzhag pa