| | e-texts navigator
|
33b1 རབས་ལ་རི་མི་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་། ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་བྱིན།
33b2 ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དགྲ་མང་ངོ་ཞེས་བསྙད་ན་ནི།། དེ་དག་ལས་ཐོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས
33b3 ཡི་རངས་ཤིང་མགུ་བར་གྱུར་ནས། ཡི་རིངས་པ་ཉིད་ཀྱང་ཟློས་པར་བྱེད་དེ། ཀྱེ་མ་གྲོགས་པོ་དག་འདི་ལྟར་མི་དང་མི་མ་ཡིན་པའི་འཇིག་རྟེན་ན། མར་འཛིན་པ་དང་། པར་འཛིན་པ་དང་། དགེ་སྦྱོང་དུ
33b4 འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རརིམི་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན
33b5 མཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་ངག་བྱེད་པ་དང་། གསོ་སྦྱོང་ལ་ངེས་པར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས། འདུག་པ་དག
33b6 མང་བ་ནི་མི་རྣམས་ཀྱི་ཆོས་མཛེས་སོ།། རྐྱེན་དུ་བབ་བོ།། ལེགས་སོ།། དགེའོ།། དེ་ལྟར་ན་ལྷ་རྣམས་ཀྱི་ཚོགས་ནི་མངོན་པར་འཕེལ་བར་འགྱུར་ལ། ལྷ་མ་ཡིན་རྣམས་ཀྱི་ཚོགས་ནི་ཡོངས་སུ་འགྲིབ
33b7 པར་འགྱུར་རོ་ཞེས་སྨོས་སོ།། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་འཁོར་རབ་ཏུ་དཀའ་ལ་བདེ་ཞིང་ཡིད་བདེ་བ་སྐྱེས་པར་རིག་ནས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ་འདིར་ནི་ཟླ་བ་བྱེད
iiif viewer powered by OpenSeadragon
33a - 34a