e-texts navigator
Collection
Volume
Page
Wylie

32a1 བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་མང་ངམ
32a2 ཞེས་འཇིག་རྟེན་འདི་ཐམས་ཅད་ཉུལ་ལོ།། ཟླ་བ་ཕྱེད་ཀྱི་ཚེ་ས་བཅུ་བཞི་ལ་ནི། རྒྱལ་པོ་ཆེན་པོ་བཞི་པོ་དག་གི་བུ་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་།
32a3 བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྷུ་བ།
32a4 དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པ་དག་མང་ངམ་ཞེས་འཇིག་རྟེན་འདི་ཐམས་ཅད་དུ་ཉུལ་ལོ།། ཟླ་བ་ཕྱེད་ཀྱི་ཚེས།
32a5 བཅོ་ལྔ་ལ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ཉིད་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི
32a6 མོ་བྱེད་པ་དང་། དོན་བྱེད་པ་དང་། བུ་བ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་བྱེད་པ་དང་། གསོ་སྦྱོང
32a7 ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་གནས་འདུག་པ་དག་མང་ངམ་ཞེས་འཇིག་རྟེན་འདི་ཐམས་ཅད་དུ་ཚུལ་ལོ།། ཅི་སྟེ་མི་དང་མི་མ་ཡིན་པའི་འཇིག་རྟེན་ན། མར་མི་འཛིན་པ་དང་། པར་མི་འཛིན་པ་དང་། ད།




iiif viewer powered by OpenSeadragon

31b - 32b

Texts on this page

Ty055-001 - 'jig rten gzhag pa