e-texts navigator
Collection
Volume
Page
Wylie

327b1 ཡང་ཙནྡྲ་གརྦའི་ལུང་བསྟན་པ་ལས་འབྱུང་བ་བཞིན་དུ་དང་པ་བྲི། ཆོས་ཁྲིམས་དང་མི་ལྡན། འཇིག་རྟེན་གྱི་ཁེ་དང་གྲགས་པ་ཚོལ། རྒྱལ་པོ་དང་བློན་པོའི་དཀུ་གསང་གི་ནང་དུ་འཇུག་ཅིང་།། དམ་པའི།
327b2 ཆོས་དམན་པར་བྱེད་པ་དག་ཀྱང་མང་དུ་འབྱུང་སྟེ། དེའི་ཚེ་ཞང་ཡོན་དང་། ཞང་ལོན་གྱི་བུ་ཆའང་དད་པ་འབྲི་བར་འགྱུར་རོ།། དཀོན་མཆོག་གསུམ་གྱི་མངར་རིས་ཀྱང་བརྗེས་སྨན་པས། ལི་ཡུལ་གྱི
327b3 མཆོད་རྟེན་དང་། དམ་པའི་ཆོས་ལ་སོགས་པ་དཀོན་མཆོག་གི་མངའ་རིས་ཀྱང་སྔོན་པས་འབྲིར་འོང་ངོ་།། རྒྱལ་པོ་དང་བློན་པོའང་བནྡེ་ལ་མི་དགའ་འོ།། དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་གཅིག
327b4 གདོང་དམར་གྱི་རྒྱལ་པོ་བྱས་པའི་རྒྱུད་རབས་བདུན་གྱི་ཐ་མ། རྒྱལ་པོ་དེའི་ཆུང་མ། རྒྱ་ཡུལ་ནས་རྒྱ་རྗེའི་བུ་མོ་ཀོང་ཅོ།། བྱང་ཆུབ་སེམས་དཔའ་ཡིན་པ་ཞིག་འཁོར་དྲུག་བརྒྱ་དང་། གདོང་དམར་གྱི
327b5 ཡུལ་དུ་འོངས་སོ།། ཀོང་ཙེ་དེ་འཕགས་པར་ཆོས་ལ་དང་། དབང་ཟང་ཆེ་བས་གདོང་དམར་གྱི་རྒྱལ་པོའང་དད་པ་ཆེ་སྟེ། སྔོན་པས་ཀྱང་དམ་པའི་ཆོས་རྒྱས་པར་འགྱུར་རོ།། དེའི་དུས་ནི་ལི་ཡུལ་གྱི་རྒྱལ་པོ།།
327b6 ལྔས་ཞན་ཞིང་། ཆོས་མི་སྤྱོད་པ་ཞིག་གིས། ཡི་ཡུལ་གྱི་དགེ་འདུན་རྣམས་ལ་བསྒོ་བ། ཡང་ན་ནི་སྐྱེ་བོར་བོབས་ཤིག། ཡང་ན་ནི་གར་འགྲོ་བར་དེངས་ཤིག་ཅེས་བསྐྲད་ནས། དགེ་འདུན་རིལ་གྱིས་ཅར་མ
327b7 ཞེས་བྱ་བའི་ལྷ་ཁང་དུ་འདུ་ནས་གྲོས་བྱེད་པའི་ཚེ་ལྷ་ཁང་གི་ནང་འཁོར་འདུས་པའི་དཀྱིལ་ནས་གསེར་གྱི་ཟན་དང་། གསེར་གྱི་འཁུར་བ་ཆ་བདུན་བྱུང་ནས། དགེ་སློང་ལྔ་སྟོང་རྒྱལ་པོས་འཚེ་བ་བཅད




iiif viewer powered by OpenSeadragon

327a - 328a

Texts on this page

Ty055-006 - li'i yul lung bstan pa