e-texts navigator
Collection
Volume
Page
Wylie

325a1 ཀྱང་ཡུལ་ཀཽ་ཤམྦི་ཞེས་བྱ་བ་ན་རྒྱལ་པོ་བཟོད་དཀའ་ཞེས་བྱ་བ་དགེ་འདུན་ལ་ཡོ་བྱད་འབུལ་བ་ཞིག་ཡོད་དོ་ཞེས་ཐོས་ནས་ཡི་རངས་ཏེ། ཡུལ་ཀཽ་ཤམྦི་ཞེས་བྱ་བར་འགྲོ་བར་འགྱུར་རོ།།
325a2 དེའི་ཚེ་ཡུལ་ཀཽ་ཤམྦིར་དགེ་སློང་འབུམ་འདུས་པར་འགྱུར་རོ།། དེ་ནས་ཆེས་བཅོ་ལྔའི་ནུབ་མོ་དགེ་སློང་རྣམས་གསོ་སྦྱོང་ལ་འདུས་ཏེ། དགེ་སློང་ཤིར་ཤ་ཀ་བོས་ནས་ཁྱོད་ཀྱིས་སོ་སོར་ཐར་པའི་མདོ་ཟོན་ཅིག
325a3 ཅེས་སྨྲ་བར་འགྱུར་རོ།། དགེ་སློང་ཤརི་ཤ་ཀས་ཀྱང་སླར་འདི་སྐད་དུ་ཁྱེད་རྣམས་ལ་སོ་སོར་ཐར་པས་ཅི་ཞིག་བྱ། མི་སྣ་དང་རྣ་བ་བཅད་པ་ལ་མེ་ལོང་གིས་ཅི་ཞིག་བྱ་ཞེས་སྨྲ་བར་འགྱུར་རོ།། དེ་ནས་དེའི་ཚེ་དགེ་སློང་དེ།
325a4 དག་གི་ནང་ནས་དགྲ་བཅོམ་པ་སུ་ར་ཏ་ཞེས་བྱ་བ་ལངས་ནས་སེང་གེ་ལྟ་བུའི་སྐད་ཀྱིས་དགེ་སློང་ཤིར་ཤ་ཀ་ལ་འདི་སྐད་ཅེས། ཁྱོད་ཅིའི་ཕྱིར་དེ་སྐད་ཅེས་སྨྲ། ཁོ་བོ་ནི་བདེ་བར་གཤེགས་པས་བཀའ་སྩལ་པ
325a5 བཞིན་དུ་བསླབ་པ་གཅིག་ཀྱང་མ་ཉམས་སོ་ཞེས་སྨྲས་པ་དང་། དགེ་སློང་ཤ་རི་ཤ་ཀ་ཤིན་ཏུ་སྐྱེངས་པར་གྱུར་ཏོ།། དེ་ནས་དགེ་སློང་ཤིར་ཤ་ཀའི་སློབ་མ་ཨེ་ཀན་བི་ཞེས་བྱ་བས་དགྲ་བཅོམ་པ་དེ་ལ་འདི་སྐད་དུ། ཁྱེད
325a6 ཅིའི་ཕྱིར་ངའི་སློབ་དཔོན་ལ་མི་མང་སར་དེ་སྐད་སྤ་ཞེས་ཁྲོས་ནས། ལག་པ་གཉིས་ཀྱིས་སྒོ་གཏན་བླངས་ནས། དགྲ་བཅོམ་པ་དེ་གསོད་པར་འགྱུར་རོ།། དེ་ནས་དགྲ་བཅོམ་པ་དེའི་སློབ་མ་དགེ་སློང་ཀ་ར་ཏ་ཞེས
325a7 བྱ་བ་ལའང་རང་གི་སློབ་དཔོན་བསད་པར་མཐོང་ནས་ཤིན་ཏུ་ཁྲོས་ཏེ་དབྱུག་པ་བླངས་ནས། དགེ་སློང་ཤིར་ཤ་ཀ་གསོད་པར་འགྱུར་རོ།། དེའི་ཚེ་དགེ་སློང་དག་རིལ་གྱིས་ཁྲོས་ནས་ཕྱོགས་གཉིས་སུ་ཆད་དེ།




iiif viewer powered by OpenSeadragon

324b - 325b

Texts on this page

Ty055-005 - dgra bcom pa dge 'dun 'phel gyis lung bstan pa