| | e-texts navigator
|
322a1 བློན་རྣམས་ཁྲོས་འཁྲུགས་ཏེ། འདི་སྐད་ཅེས་བདག་ཅག་གི་ཡུལ་འདི་སྔོན་གྱི་ནོམ་པ་ལས། སྲིས་མི་བཀྲ་མི་ཤེས་པ་འཁྱམས་པ་ཤ་སྟག་འདིར་སྔགས་ནས། དན་མུམ།
322a2 ཡང་འདི་ལྟ་བུར་གནོད་པ་རྣམ་པ་སྣ་ཚོགས་པ་འབྱུང་བར་འགྱུར་གྱིས། རྫས་ལྷག་མ་འདི་རྣམས་ཀྱང་ཡུལ་འདིར་མི་གཞུག་ཅིངས་མཚམས་འདས་ཏེ་བསྐྲད་པར་བྱའོ་ཞེས་གྲོས་བྱས་ནས་དགེ་སློང་གཅིག
322a3 ཀྱང་བོད་ཡུལ་དུ་གནས་སུ་མི་གནང་ངོ་ཞེས་གློ་བུར་དུ་བསྒོ་བར་འགྱུར་རོ།། རྒྱལ་མེ་དེ་ནད་ཀྱིས་ཐེབས་པའི་ཆེ་བདག་ཉིད་མི་འཚོ་བར་ཚོར་ནས་རྒྱལ་པོ་ལ་ཁ་ཆེམས་སུ་བདག་གུམ་ན། བདག་གི་ནོར་རྫས་རིལ
322a4 གྱིས་དགེ་འདུན་ལ་འབུལ་བ་ཅི་གནང་ཞེས་གསོལ་ནས། རྒྱལ་པོས་ཀྱང་གནང་སྟེ། བཙུན་མོའི་རྫས་ཐམས་ཅད་དགེ་འདུན་ལ་འབུལ་ཞིང་། དེས་རྒྱ་གར་གྱི་ཡུལ་གན་དྷ་ར་ཞེས་བྱ་བར་འགྲོ་བའི་རྫས་བྱས
322a5 ནས་འགྲོ་བར་འགྱུར་རོ།། དེའི་ཚེ་བོད་ཀྱི་དགེ་སློང་རྣམས་ཀྱང་ཡི་ཆད་ནས། ཉི་འོག་གི་དགེ་སློང་རྣམས་དང་གྲོས་གཅིག་ཏུ་བྱས་ནས་ལྷན་ཅིག་ཏུ་འགྲོ་བར་འགྱུར་རོ།། སྐྱེ་བོ་དང་རྩོད་པའི་དུས་དེའི་ཚེ་རྒྱ་ཡུལ་གྱི
322a6 དགེ་སློང་རྣམས་ཀྱང་ཤིན་ཏུ་སྡུག་བསྔལ་བས་གཟིར་ནས་ཡུལ་གན་དྷ་རར་འགྲོ་བར་འགྱུར་རོ།། དེ་ལྟར་དོང་བ་དང་དགེ་སློང་དེ་དག་ཐམས་ཅད་ཡུལ་གན་དྷ་ར་བར་འགྲོ་བའི་ལམ་ཀར་ཕྲད་པར་འགྱུར་རོ།། དེའི
322a7 ཚེ་བོད་ཀྱི་དམག་གིས་རྗེས་བཞིན་བསྙགས་ནས། ལམ་ཀར་བྲན་གཡོག་དང་ནོར་ཕྲུགས་དག་ཕྲོགས་ཏེ། དགེ་སློང་དག་ཀྱང་གསོད་པར་འགྱུར་རོ།། དེ་ལྟར་དགེ་སློང་དག་བོད་ཀྱི་དམག་གིས་བདས་ནས། ཀླུའི
iiif viewer powered by OpenSeadragon
321b - 322b