e-texts navigator
Collection
Volume
Page
Wylie

317a1 བྱ་བ་ལ་བཞུགས་ཏེ། སློབ་མ་བནྡེ་ཆོས་འདུལ་བ་ལ་སློབ་པ་ཞིག་ལགས་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལོན་པ་དང་། སངས་རྒྱས་ཀྱི་བསྟན་པརྒྱ
317a2 གར་གྱི་ཡུལ་ཀོའུ་ཤམ་བི་ཞེས་བྱ་བར་ནུབ་པར་འགྱུར་རོ་ཞེས་ཐོས་ནས། འདི་སྙམ་དུ་རྒྱ་གར་ཡུལ་གྱི་ཆོས་དེ་ཙམ་ཞིག་ན་ཡུལ་ཀོའུ་ཤམ་བིར་ནུབ་པར་འགྱུར་བ་ལྟ་ཞིག་ན། ལི་ཡུལ་ལ་སོགས་པ
317a3 གཞན་གྱི་ཆོས་ཡུན་ཇི་སྲིད་ཅིག་ཏུ་གནས་པར་འགྱུར། ནམ་འཇིག། རྐྱེན་ནི་གང་གིས་འཇིག་པར་འགྱུར་སྙམ་དུ་ཐེ་ཙོམ་སྐྱེས་སོ།། དེ་ནས་དགྲ་བཅོམ་པ་དེ་ཕྱི་འཕྲེད་ཀྱི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་པ་ལས
317a4 བཞེངས་པ་དང་། སློབ་མ་དེས་མཁན་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བརྩལ་ནས། འདི་སྐད་ཅེས་ཐེ་ཙོམ་ཞུས་སོ།། སློབ་དཔོན་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་མེ་ཉིས་སྟོང་ན་འཇིག
317a5 པར་ལུང་བསྟན་ན། ལི་སུལ་འདི་ལ་སོགས་པ་ཡུལ་གཞན་གྱི་བསྟན་པ་ཇི་སྲིད་དུ་གནས་པར་འགྱུར། ནམ་འཇིག། རྐྱེན་གང་གིས་འཇིག་པར་འགྱུར་བ་ལགས།། དེ་ནས་མ་ཁན་པོས་བཀའ་སྩལ་པ། བུ་ཁྱོད
317a6 ཀྱིས་ལི་ཡུལ་ལ་སོགས་པའི་སྐྱེ་བོ་མང་པོའི་དོན་དང་། བདེ་བར་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཐེ་ཙོམ་དྲིས་པ་ལེགས་ཀྱིས། ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ལི་ཡུལ་ལ
317a7 སོགས་པའི་བསྟན་པ་ཇི་སྲིད་དུ་གནས་པར་འགྱུར། ནམ་འཇིག་པ་དང་། རྐྱེན་གང་གིས་འཇིག་པར་འགྱུར་བས་ངས་སོ་སོར་ལུང་བསྟན་པར་བྱའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི། བཅོམ་ལྡན་འདས་སུ




iiif viewer powered by OpenSeadragon

316b - 317b

Texts on this page

Ty055-005 - dgra bcom pa dge 'dun 'phel gyis lung bstan pa