e-texts navigator
Collection
Volume
Page
Wylie

28b1 བ་ལང་གཡོག་པ་ཙམ་མོ།། པདྨའི་སྡོང་བུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། གཤོལ་ཙམ་མོ།། པདྨའི་མེ་ཏོག་རྣམས་ཆེ་ཞིང་མཆོག་སུ་ཆེ་སྟེ། འདི་ས་སྟེ། ཤིང་སའི་འབང
28b2 ལོ་ལྔ་ཙམ་མོ།། པདྨའི་རྩ་བ་རྣམས་ཆེ་ཞིང་མཆོག་པུ་ཆེ་སྟེ། འདི་ལ་སྟེ། སྐྱེས་བུ་ཆེན་པོའི་བཅུ་ཙམ་མོ།། རོ་མ་ངམ་ནིང་མཆོག་སུ་མངར་ཏེ། འདི་འི་སྟེ། སྦྲང་བུའི་སྦྲང་རྩིས་སྐོལ་བ་བཆི།
28b3 ནོ་ཆེ་བཅང་ན་ཡང་འོ་མ་འཛག་གོ།། དེའི་ལམ་སྲིད་དུ་དཔག་ཚད་ཅི་ཤུ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཙང
28b4 ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེར་ཡང་ཡིད་དུ་མི་འོང་བའི་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན་དེ་མི་མ་ཡིན་པ་རྣམས་ཀྱིས། རླུང་གི་མཐུས་ཕྱི་རོལ་དུ
28b5 འདོར་རོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ་ངོར་སྤྱོད་པ་རབ་ཏུ་བརྟན་པ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ། མེ་ཏོག་ཀུ་མུ་ད།
28b6 མདོག་ལྟར་ཐལ་ཀར་འཇུག་པ། ཡན་ལག་བདུན་ཤིན་ཏུ་ལེགས་པར་གནས་ཏེ། དེའི་མགོ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པསྟེ། སྔོ་ཞིང་སྲོག་ཆགས་འདམ་བུ་རུ། ཤེལ
28b7 གྱི་མདོག་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་དེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པོའི་སྲིད་དུ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་དཔག་ཚད་གཅིག། འཕང་དུ་དཔག་ཚད་ཕྱེད་དང་གཉིས




iiif viewer powered by OpenSeadragon

28a - 29a

Texts on this page

Ty055-001 - 'jig rten gzhag pa