e-texts navigator
Collection
Volume
Page
Wylie

25a1 བརྒྱད་དང་། བའི་འབུམ་དང་། ལོ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ཡོད་དོ།། ། བར་གྱི་སྡོམ་ལ། དགུ་དང་གསུམ་དང་བཅུ་བ་ཞི་དང་ནི་ལྔ་བཅུ་རྩ་བདུན་དང་།
25a2 བརྒྱ་དགུ་བརྒྱ་རྣམས་ནི་མི་ཡི་གྲངས་ཀྱིས་ལྷ་ཚེར་བཤད།། དེ་བཞིན་ཅིག་དང་བཅུ་གཉིས་གཅིག་དང་བརྒྱ་དང་དྲུག་དྲུ་དང་།། ལྔ་བརྒྱ་དག་ནི་སེམས་ཅན་དམྱལ་བ་པ་ཡི་ཆེར་བཤད་དེ།། ཚངས་རིས་ཀྱི་ལྷ་རྣམས
25a3 ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པའི་ཕྱེད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེ་འཚིད་ཀྱི་མཐའ་ནི་བསྐལ་པའི་བྱེད། བར་མ་དོར་འཆི་བ་ནི་ཡོད་དོ།། ཚངས་པའི
25a4 མདུར་ན་འདོན་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་གཅིག་སྟེ། བར་མ།
25a5 དོར་འཆི་བ་ནི་ཡོད་དོ།། ཚངས་པ་ཆེན་པོ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་ཕྱེད་དང་གཉིས་ཏེ། བར་མ་དོར་འཆི་བ་ནི་ཡོད་དོ།། འོད་ཆུང་བ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་གཉིས་ཏེ།
25a6 བར་མདོར་འཆི་བ་རྣ་མེད་དོ།། ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བཞི་སྟེ། བར་མ་དོར་འཛིན་ཡོད་དོ།། འོད་གསལ་གྱི་ལྷ་རྣམས་ཀྱི་ཆེའི་ཚད་ཀྱི་མཐའ་ནི་བསྐལ་པ་བརྒྱད་དེ། བཱར།
25a7 མདོར་འཆི་བ་ནི་མེད་དོ།། དགེ་རླུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བཅུ་དྲུག་སྟེ། བར་མ་དོར་འཆི་བ་ནི་མེད་དོ།། ཆད་མེད་དགེ་བའི་ལྷ་རྣམས་ཀྱི་ཆེའི་ཆེད་ཀྱི་མཐའ་ནི་བསྐལ་པ་སུམ་ཅུ་རྩ་གཅིས




iiif viewer powered by OpenSeadragon

24b - 25b

Texts on this page

Ty055-001 - 'jig rten gzhag pa