e-texts navigator
Collection
Volume
Page
Wylie

23a1 བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། བྱང་གི་སྒྲ་མི་སྨན་གྱི་མི་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་ལོ་སྟོང་སྟེ། བར་མ་དོར་འཆི་བ་མེད་དོ།། ཅིའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི
23a2 རྣམས་ལ་བར་མ་དོར་འཆི་བ་མེད་ཅེ་ན།། དེ་བདག་ལ་བདག་གི་བ་མེད་ཅིང་། ཡོངས་སུ་འཛིན་པ་མེད་དེ། ཆེ་ངེས་ཤིང་ཁྱད་པར་དུ་འགྲོ་བ་ཡིན་པས་དེའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མེ་རྣམས་ལ་བར
23a3 མདོར་འཆི་བ་མེད་དོ།། འཛམ་བུ་གླིང་གི་མི་རྣམས་ལ་ནི་ཡར་སྐྱེ་བ་དང་མར་འགྲིབ་པ་ཡོད་དེ་འཛམ་བུ་གླིང་གི་མི་རྣམས་རེས་འགའ་ནི་ཚེ་དཔག་ཏུ་མེད་པར་འགྱུར་ལ་རེས་འགའ་ནི་ཆ་ལོ་བཅུ་པར
23a4 འགྱུར་རོ།། མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་གང་ཡིན་པ་དེ་ནི། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ནོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། རྒྱལ
23a5 ཆེན་བཞིའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྷར་བརྩིས་ན་ལོས་ཡ་ཕྲག་དགུ་ཡོད་དེ། དེ་ནི་སེམས་ཅན
23a6 དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་སེམས་ཅན་རྣམས་ཀྱི་ཚེའི་ཚེད
23a7 ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་སེམས་ཅན་དམྱལ་བའི་ལོ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྷར་བརྩིས་ན་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ




iiif viewer powered by OpenSeadragon

22b - 23b

Texts on this page

Ty055-001 - 'jig rten gzhag pa