e-texts navigator
Collection
Volume
Page
Wylie

21b1 བདག་གི་བུ་འམ། བུ་མོའོ་སྙམ་དུ་སེམས་སོ།། ཁྱེའུ་དང་། བུ་མོ་དེ་དག་ཀྱང་འདི་སྙམ་དུ་འདི་ནི་བདག་ཅག་གི་མའམ་ཕའོ་སྙམ་དུ་སེམས་སོ།། ཚངས་རིས་ཀྱི་ལྷ་རྣམས་ནི་ཐོགས་ནས
21b2 ལུས་ཀྱི་ཡན་ལག་དང་ཅིང་ལག་ཐམས་ཅད་རྫོགས་པར་སྐྱེ་ཞིང་། འཆི་བ་ན་དེ་ཁོ་ན་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང
21b3 ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང
21b4 དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ
21b5 སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། གཟུགས་མེད་པ་རྣམས་ལ་ནི། ལུས་ཀྱི་གཟུགས་མེད་དེ། དེ་བས་ན་དེ་བཞི་ནི་སྐྱེ་བ་ཡང་།
21b6 མི་མངོན། འཆི་འཕོ་བ་ཡང་མི་མངོན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་པ་ན་གཉིས་ཀྱིས་གཉིས་སྦྱོར་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཇ
21b7 བོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་ཀྱང་དེ་བཞིན་ནོ།། འཐབ་བྲལ་བ




iiif viewer powered by OpenSeadragon

21a - 22a

Texts on this page

Ty055-001 - 'jig rten gzhag pa